ཏིལ་ནག་གི་ཕན་ནུས་དང་བཟའ་སྟངས།

རྩོམ་པ་པོ།   མཚོ་སྔོན་བོད་ཡིག་ཚགས་པར།  ཡིག་བསྒྱུར།       དུས་ཚོད།   2023-08-28   རྩོམ་ཁུངས།   

    ཏིལ་ནག་ནི་ལུས་ཁམས་གསོ་བྱེད་གལ་ཆེན་ཞིག་ཡིན་ལ། སྨན་དུའང་རུང་བས་ན་སྨན་ཟས་གཉིས་ཀར་སྤྱད་ཆོག་པའི་དངོས་པོ་གལ་ཆེན་ཞིག་ཡིན། བལྟས་ན་འབྲུ་ཆུང་ལ་ཉོས་ན་རིན་གོང་བདེ་ནའང་ནུས་པ་ཆེན་པོ་ཞིག་ལྡན་པས། “མང་ཚོགས་ཀྱི་བཅུད་རྫས”ཞེས་པའི་མཚན་སྙན་ཐོབ་ཡོད། ཏིལ་ནག་གླེང་མ་ཐག་མི་མང་པོ་ཞིག་གི་བློ་ངོར་ནག་ཅིང་སྣུམ་པའི་སྐྲ་ལོ་འཆར་སྲིད་མོད། འོན་ཀྱང་དེ་ལ་དེས་མི་ཚད་པའི་ནུས་པ་མང་པོ་ཡོད།དཔེར་ན་ཀལ་ཁ་གསབ་བྱེད་པ་དང་རུས་རྐང་གསོ་བ།ཁྲག་ཤེད་ཚོད་འཛིན་བྱེད་པ།ཁྲག་རྩ་སྲུང་བ།རྒས་ཚད་ཇེ་དལ་དུ་གཏོང་བ།ཤ་མདངས་ཇེ་ཡག་ཏུ་འགྲོ་བ།རྙིང་ཚབ་གསར་བརྗེ་ལ་སྐུལ་བ།རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ནུས་པ་ལྡན།
    ཏིལ་ནག་བཟའ་བའི་སྐབས་སུ་གཤམ་གྱི་འདི་དག་ལ་མཉམ་འཇོག་དགོས།
    ཉིན་རེར་སྤར་མོ་ཆུང་ཆུང་གང་རེ་བཟའ་དགོས། སྤྱིར་བཏང་གིས་ཉིན་རེར་ཁེ20ཡས་མས་ཟོས་པས་ཆོག་ལ།ཟས་རིགས་གཞན་པ་དང་བསྡེབས་ཏེ་ཟོས་ན་དེ་བས་བཟང་།
    ཟས་རིགས་ཀྱི་ནང་དུ་སྡེབ་པའི་སྐབས་སུ་སྣུམ་ཉུང་དགོས།ཏིལ་ནག་གི་ནང་དུ་སྣུམ་གྱི་འདུས་ཚད་ཧ་ཅང་མཐོ་བས། གྲང་ཚལ་ལས་པ་དང་ཡང་ན་གོ་རེའི་ནང་དུ་འཇོག་པ་གང་ཞིག་ཡིན་རུང་།སྣུམ་ཇེ་ཉུང་དུ་གཏོང་བར་ངེས་པར་མཉམ་འཇོག་དགོས།དེ་མིན་ན་ཚ་ཚད་མཐོ་དྲགས་པས་ལུས་པོར་མི་ཕན།
    ཚ་མོར་བརྔོས་ཏེ་ཞིབ་མོར་བརྡུངས་རྗེས་ཟོས་ན་འཚོ་བཅུད་དེ་བས་བཟང་།ཏིལ་ནག་ཚ་མོར་བཟོས་ན་དེའི་ཁྲོད་ཀྱི་འཚོ་བཅུད་ཇེ་མང་དུ་འགྲོ་བ་རེད།དེ་བས་ཏིལ་ནག་བརྔོས་ཏེ་ཞིབ་མོར་བརྡུངས་ནས་ཟོས་ན་ལུས་པོས་སྡུད་ལེན་བྱེད་སླ་ཞིང་དབྱང་འགྱུར་འགོག་པའི་བྱེད་ནུས་སྔར་ལས་བཟང་བས།སྙིང་གི་ཁྲག་རྩར་སྲུང་སྐྱོབ་བྱེད་པའི་ནུས་པ་དེ་བས་མཐོ་བ་རེད། །