བེ་ཤའི་ཞིམ་ཟས་དུས་ཆེན་གྱིས་ས་མཐོའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་8ཚེས་25ཉིན། ཀྲུང་ཧྭའི་ཞིམ་ཟས་ཡུན་ནན་གྱི་བྲོ་བ། སེམས་ཀྱི་ཉི་ཟླའི་བེ་ཤའི་ཞིམ་ཟས་དུས་ཆེན་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་ཤིང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་ཞིམ་ཟས་ཀྱི་བྲོ་བར་མྱོང་ལ། ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་ཁུལ་དང་ཁྱད་ལྡན་ཞིམ་ཟས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོད་པ་རེད།

图片

    བྱེད་སྒོ་སྤེལ་ཡུལ་ནས་ཁུལ་ཡོངས་ཀྱི་ཁྱད་ལྡན་བཟའ་བཏུང་ཁེ་ལས་18ནས་ལག་རྩལ་བཅོ་བརྒྱད་མངོན་ལ། བསྲེགས་བཙོས་བཙོ་གསུམ་སོགས་ཀྱི་བྱེད་ཐབས་བརྒྱུད་བེ་ཤ་དེ་གསོན་ཤུགས་ལྡན་པའི་ཁྱད་ལྡན་ཚལ་རིགས་སྣ་ཚོགས་ཤིག་ཏུ་གྱུར། ཀྲུང་གོའི་ཐོ་བཀོད་གཡོས་སྦྱོར་མཁས་ཅན་དང་ཀྲུང་ལུགས་བཟའ་བཏུང་ལས་རིགས་ཀྱི་རྒྱལ་ཁབ་རིམ་པའི་དཔྱད་འདེམས་ཨུ་ལྷན་མ་པོས“སེམས་ཀྱི་ཉི་ཟླར་སླེབས་པ་མ་ཟད་སྣ་ཁ་མང་པོའི་བེ་ཤའི་ཚལ་རིགས་ཀྱི་བྲོ་བ་ཡང་མྱངས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།ད་ཐེངས་ཀྱི་བེ་ཤའི་ཞིམ་ཟས་དུས་ཆེན་དེ་མིག་སྔའི་ཡུལ་སྐོར་ཁྲོམ་ར་དང་འཚམ་པ་མ་ཟད། བེ་ཤའི་ལས་སྟངས་ཀྱང་གསར་གཏོད་བྱས་ནས་མི་རྣམས་ཀྱི་མིག་ལམ་དུ་ཧ་ཅང་བཀྲག་མདངས་འཚེར་བར་གྱུར་ཡོད། སླད་ཕྱིན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་དུད་དེ་བས་མང་བ་དང་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་ཞིམ་ཟས་དུས་ཆེན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་།བཟའ་བཅའ་བཟོ་སྟངས་གསར་གཏོད་བྱེད་པ།སེམས་ཀྱི་ཉི་ཟླའི་རིག་གནས་གསར་གཏོད་དེ་བས་མང་བའི་ཞིམ་ཟས་མུ་མཐུད་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།

图片


图片


图片


图片


图片


图片

    ཞིམ་ཟས་དཔྱད་འདེམས་དང་ཞིམ་ཟས་གསོལ་སྟོན། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་ཞིམ་ཟས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་བརྒྱུད། བདེ་ཆེན་གྱི་མི་རིགས་བཟའ་བཏུང་རིག་གནས་དར་སྤེལ་སྔར་ལས་ལྷག་པ་བཏང་བ་དང་།སེམས་ཀྱི་ཉི་ཟླའི་བེ་ཤའི་སྙན་གྲགས་ཆེ་རུ་བཏང་བ། བེ་ཤའི་གཉེར་སྐྱོང་བྱེད་སྟངས་ལེགས་སུ་བཏང་བ། བེ་ཤའི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་བཏང་བ་རེད།