འོ་མ་མཚོའི་སྐྱེ་ཁམས་སླར་གསོའི་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི“ལས་གྲྭ་ཆེན་པོ་བཅུའི”ས་མཐོའི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་སྐུལ་འདེད་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འོ་མ་མཚོའི་སྲུང་སྐྱོང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་རྣམ་གྲངས་(གཤམ་དུ་རྣམ་གྲངས་ཞེས་བསྡུ་རྒྱུ)ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་བསྡོམས་འབོར་75%ཙམ་ལེགས་གྲུབ་ཟིན་པ་དང་། མིག་སྔར་སྐྱེ་ཁམས་ལོགས་འཇོག་ཁུལ་དང་། ས་རྒྱུ་ལེགས་བཅོས། གཞུང་ལམ་སྲུང་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་12ཚེས་30ཉིན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་དུས་ཐེངས་གཉིས་ལ་དབྱེ་ཡོད་པ་སྟེ། དུས་ཐེངས་དང་པོ་ནི་2021ལོའི་ཟླ་7པར་ལས་འགོ་ཚུགས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་48ཟིན་པ་དང་། འཛུགས་སྐྲུན་གྱི་ནང་དོན་ནང་ཆུ་ཁོངས་ཀྱི་རླན་ས་ཉམས་གསོ་དང་། སྐྱེ་ཁམས་གླིང་གི་ལམ། སྐྱེ་ཁམས་སླར་གསོའི་ཚན་རིག་ཁྱབ་གདལ་བྱེད་གནས། མཚོ་འགྲམ་སྲུང་སྐྱོང་། སྐྱེ་ཁམས་སྔོ་འགྱུར་ཉམས་གསོ། སྐྱེ་ཁམས་རླངས་འཁོར་འཇོག་ས། སྤྱི་པའི་གསང་སྤྱོད། ཞབས་ཞུར་སྤྱོད་པའི་ཁང་པ། རིག་ནུས་སྒྲིག་ཆས་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཚུད་ཡོད་པ་རེད། དུས་ཐེངས་གཉིས་པའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་85.3ཙམ་ཡོད་པ་དང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་བདེ་ཐང་བགྲོད་ལམ་དང་། གཙོ་དོན་ཐང་ཆེན། ལྗང་སྒྱུར། སྐྱེ་ཁམས་བརླན་ས་སྲུང་སྐྱོང་ཁུལ། ཞིང་སྡེའི་མཛེས་ལྗོངས་རྣམ་པ་དང་གདོད་མའི་བརླན་ས་ཉམས་གསོ་སོགས་ཚུད་ཡོད། ལས་གཞི་འདི་མིག་སྔར་རྣམ་གྲངས་འཛུགས་སྐྲུན་གྱི་སྔོན་གྲབས་ལས་ཀ་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

        འོ་མ་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་བྱང་རྒྱུད་དུ་གནས་པ་དང་། སེམས་ཀྱི་ཉི་ཟླ་སུམ་རྩེན་གླིང་གི་ལྷོ་ངོས་ཀྱི་ཁ་རིའི་རི་སྨད་ནས་ཐོན་པ་དང་། མཐར་ནགས་ཕག་མཚོར་བཞུར་པ་རེད། སྐྱེ་ཁམས་ཀྱི་རྣམ་པའི་ཐོག་ནས་ནགས་ཕག་མཚོའི་བརླན་ས་རང་བྱུང་སྲུང་སྐྱོང་ཁུལ་དང་བརླན་ས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་ཡུལ་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་ས་མཐོའི་བརླན་སའི་བར་ཁྱམས་གལ་ཆེན་གྲུབ་ཡོད། རྣམ་གྲངས་བསྐྲུན་རྗེས་ཆུ་ཁུངས་གསོ་བ་དང་། གྲོང་ཁྱེར་གྱི་གནམ་གཤིས་ལེགས་སུ་གཏོང་བ། ཆུ་གཞུང་དང་ཆུ་གསོག་ཐན་པ་སྔོན་འགོག་བྱེད་པ། ཆུ་མཛོད་གསོག་ཚད་དང་བརླན་སའི་སྐྱེ་ཁམས་སྦྲེལ་ཐག་གི་ཐན་སྐྱོན་དུས་ཚིགས་ཀྱི་ཆུ་འབོར་སྙོམས་སྒྲིག་སོགས་ཀྱི་ཐད་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

        གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འོ་མ་མཚོའི་ཁུལ་དུ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་མ་ཟད། དེ་ཉིད་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བསྐྲུན་རྒྱུ་ཡིན་པ་རེད།