རྡོ་མཁར་རྫོང་གི་ཡུལ་སྐོར་སྤུས་ཚད་ཇེ་བཟང་དུ་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        འདི་ལོ་ཚུན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་རྫོང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལས་གྲྭའི་རྣམ་གྲངས་ཆེན་པོ་བཅུའི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང”བཙུགས་ཏེ་རྡོ་མཁར་རྫོང་གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།ཞན་ཆ་གསབ་པ་དང་།རིམ་སྤོར་ལ་སྐུལ་འདེད་གཏོང་བ།དམངས་འཚོར་ཕན་པ་བཅས་ལ་དམིགས་ཏེ་རྡོ་མཁར་རྫོང་གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེས《རྡོ་མཁར་རྫོང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད》དང《སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་རྫོང་གི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ》སོགས་གཞི་འཛིན་སར་བྱས་ཏེ“ལོ་རྒྱུས་ལ་བརྩི་འཇོག་དང་།མི་རིགས་ཀྱི་རིག་གནས་ལ་བརྩི་འཇོགསྔར་ཡོད་ཇི་བཞིན་ཉམས་གསོ་བྱེད་པ།སྔར་ཡོད་ཇི་བཞིན་བསྐྲུན་པ”བཅས་ཀྱི་བླང་བྱ་གཞིར་བཟུང་རྡོ་མཁར་རྫོང་ལ་ཕྱོགས་ཡོངས་ནས་སྤུས་ཚད་མཐོར་གཏོང་རིམ་སྤོར་བྱ་རྒྱུ་རེད།འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་ནང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིགས་དང་།སྤྱི་པའི་ཞབས་ཞུའི་འགན་ལེན་སྒྲིག་བཀོད་རིགས།ལེ་ལག་ཚང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་སྒྲིག་བཀོད་རིགས》སོགས་ཚུད་ཡོད།རྣམ་གྲངས་འཛུགས་སྐྲུན་གྱི་ཁྱབ་ཁོངས་དེ་རྡོ་མཁར་རྫོང་ལྟེ་བའི་ཁུལ་གཙོ་བོར་བྱས་ཏེ་ཕྱི་ཕྱོགས་སུ་གནའ་གྲོང་གི་ཉམས་འགྱུར་སྣུར་སྲིང་ཁུལ་དང་གནའ་གྲོང་གི་རྣམ་པ་མཐུན་སྦྱོར་ཁུལ་ལ་ཁྱབ་ནས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2.2ཙམ་ཟིན་པ་དང་།རྣམ་གྲངས་འཛུགས་སྐྲུན་དུས་ཡུན་ཟླ་བ་36ཙམ་ཡིན་པ་དང་རྣམ་གྲངས་དེ་དུས་ཐེངས་གསུམ་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་སྟེ།དུས་ཐེངས་དང་པོར་ལྟེ་བའི་ཁུལ་གཙོ་བོར་བྱ་རྒྱུ་དང་།དེའི་ནང་གནའ་གྲོང་གི་འགྲོ་ལམ་གལ་ཆེན་རིམ་སྤོར་དང་།དམངས་ཕན་འགྲིམ་འགྲུལ་ཞབས་ཞུའི་སྒྲིག་བཀོད།ཆར་པ་དང་སྦགས་བཙོག་མདོང་དྲ་གསར་སྤེལ་སོགས་ཡན་ལག་རྣམ་གྲངས་16ཚུད་ཡོད།མིག་སྔར་ལས་འགོ་འཛུགས་རྒྱུ་ཡིན་པ་དང་།དུས་ཐེངས་གཉིས་པར་གནའ་གྲོང་གི་རྣམ་པ་ནར་འགྱངས་འགྲེམས་སྟོན་ཁུལ་གཙོ་བོར་བྱས་ཏེ་ཡན་ལག་རྣམ་གྲངས་15དང་འབྲེལ་བ་ཡོད་པ།2024ལོའི་ཟླ་5པར་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ།དུས་ཐེངས་གསུམ་པ་དེ་ཡན་ལག་རྣམ་གྲངས་3དང་འབྲེལ་བ་ཡོད་པ།2025ལོའི་ཟླ་5པར་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད།

        ཉེ་བའི་ལོ་ཤས་རིང་།རྡོ་མཁར་རྫོང་གི་གསར་སྤེལ་སྲུང་སྐྱོང་བྱེད་ཤུགས་དང་ཡུལ་སྐོར་ཉམས་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལས་རྣམ་བཀོད་སྒྲིག་གི་ངོས་ནས་གནའ་གྲོང་གི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་།གནའ་གྲོང་གི་རང་བྱུང་རྣམ་པར་གཞིགས་ནས་ད་ལྟའི་ལམ་དྲར་གཞིགས་ཏེ་གནའ་གྲོང་གི་ལས་རྣམ་ཧྲིལ་པོའི་ལུགས་མཐུན་རང་བཞིན་ལ་འགན་ལེན་བྱས་ཏེ་གནའ་གྲོང་གི་ལས་རྣམ་དེ་ལྟེ་བའི་ཡུལ་སྐོར་དང་།རིག་གནས་འགྲེམས་སྟོན།ཕྱོགས་བསྡུས་ཞབས་ཞུ།ཡུལ་སྐོར་པར་རྒྱག་དང་།བཟའ་བཏུང་།མཚན་ཁྲོམ་དྲ་ཐོག་སྐད་གྲགས་ཆོད་པ།སྤུས་ལེགས་ཉོ་སྒྲུབ།དམངས་སྲོལ།ཐོན་རྫས་ཉམས་ལེན་སོགས་ས་ཁོངས་8ཀྱི་ནུས་པ་དབྱེ་འབྱེད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་གཉེར་སྐྱོང་འགན་འཁྲི་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དང་།རྡོ་མཁར་རྫོང་གི་ཡུལ་སྐོར་གཉེར་སྐྱོང་ཇུས་འགོད་བྱས་ཏེ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་ཞབས་ཞུ་འགན་ལེན་བྱས་ཡོད།