རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། བསིལ་འགུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        བསིལ་འགུག་ནི་དུས་ཚིགས་ཉེར་བཞི་ནང་གི་དུས་ཚིགས་བཅུ་བཞི་པ་ཡིན་ལ། སྟོན་ཁའི་དུས་ཚིགས་གཉིས་པའམ་ཡིན།བསིལ་འགུག་དུས་ཚིགས་ནི་དྲོད་ཚད་འགྱུར་ལྡོག་མཚོན་པའི་དུས་ཚིགས་ཤིག་སྟེ། བསིལ་འགུག་ནི་ཚ་གདུག་ཆེ་བའི་གནམ་གཤིས་མཇུག་འགྲིལ་ནས་རིམ་གྱིས་དབྱར་ཁའི་ཚ་བ་ཡལ་འགོ་ཚུགས་ཏེ། དྲོད་ཚད་སྤྱི་ཡོངས་ནས་མར་ཆག་པའི་རྣམ་པ་ཞིག་མངོན་ཡོང་།བསིལ་འགུག་དུས་ཚིགས་དུས་སུ། ས་ཁུལ་མང་ཆེ་བའི་ཤིང་འབྲས་དང་ལོ་ཏོག་རིམ་བཞིན་སྨིན་པའི་དུས་སུ་སླེབས་ཡོད་པས་མྱུར་དུ་ལོ་ཏོག་བསྡུ་བའི་འགོ་བརྩམས་པ་རེད།