རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-22   རྩོམ་ཁུངས།    中国藏族网通
དོན་གཉིས་པ། གཞུང་ལུགས་ཀྱི་ཚེ་སྲོག་ནི་མུ་མཐུད་དུ་གསར་གཏོད་བྱེད་རྒྱུར་ཐུག་ཡོད། མར་ཁེ་སི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་བ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ལས་འགན་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་སྤྱད་ནས་དུས་རབས་ལ་བརྟག་པ་དང་དུས་རབས་ཀློག་འགྲེལ་བྱེད་པ། དུས་རབས་ཀྱི་སྣེ་ཁྲིད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། གསར་པ་ཡིན་ལ་ཕུན་སུམ་ཚོགས་པའི་དེང་སྐབས་ཀྱི་ཀྲུང་གོའི་ལག་ལེན་སྤྱད་ནས་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐོང་རྒྱ་ཡངས་པོར་བརྟེན་ནས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཡོད་ཚད་སྡུད་ལེན་བྱེད་པ། བཅོས་སྒྱུར་ཁྲོད་དྲང་སྲུང་གསར་འབྱུང་དང་རང་ཉིད་མུ་མཐུད་དུ་ཐོད་བརྒལ་འབྱུང་བར་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་ཁྲོད་སྒོ་ཀུན་ནས་དམངས་ཀྱི་ལེགས་ཆ་སྡུད་པ་དང་རང་ཉིད་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངེས་ཤེས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཀྱི་རྟོགས་པའི་ཁམས་གསར་པ་མུ་མཐུད་དུ་འབྱེད་དགོས།
དོན་གསུམ་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ནི། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཏང་གིས་ཏང་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་པ་གཙོ་སྐུད་དུ་འཛིན་པ། ཕུགས་འདུན་དང་དད་སེམས། དམིགས་ཡུལ་བཅས་བརྟན་པ་གཞི་རྩར་བྱེད་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་གྱི་བཀོད་གཏོང་དམིགས་སར་བྱེད་པ་བཅས་ལ་བརྟེན་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ལམ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་དེའི་ཁྲོད་ཁྱབ་པར་བྱེད་པ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་ནན་ཏན་གཏོང་བ། ཏང་འཛུགས་སྐྱོང་གི་སྤུས་ཚད་མུ་མཐུད་དུ་མཐོར་བཏེགས་ཏེ། ཏང་ནི་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་མི་དམངས་ཀྱིས་སེམས་བསམ་པའི་གཏིང་ནས་འགེལ་སྲུང་བྱེད་པ། རང་ངོས་གསར་བརྗེ་ཕོད་པ། དྲག་རླབས་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། གསོན་ཤུགས་ཀྱིས་ཀུན་ནས་བརྟས་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
དོན་བཞི་པ། སྲོག་ཤིང་རིན་ཐང་ལྟ་བ་ནི་མི་རིགས་ཤིག་གི་ཚེ་སྲོག་རྒྱུན་བསྲིང་བའི་བསམ་པའི་རྒྱུན་ཐག་ཡིན་ལ། རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞིའང་ཡིན། གལ་ཏེ་ཐུན་མོང་གི་སྲོག་ཤིང་རིན་ཐང་ལྟ་བ་མེད་ན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བླ་སྲོག་ལ་གནས་མལ་མེད་པ་དང་འགུལ་སྐྱོད་ལ་རྟེན་ས་མེད་པར་འགྱུར་འགྲོ་བས། འབོད་སྐུལ་ནུས་པ་སྟོབས་ཆེན་ལྡན་པའི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་ཐུབ་མིན་དེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་རྒྱལ་ཁབ་ཡུན་སྐྱོང་གཏན་བདེ་ལ་འབྲེལ་ཡོད།