ཕན་ཚུན་སྤེལ་རེས་དང་འཆམ་མཐུན་མཉམ་གནས་ཀྱི་རྒྱ་ར་འགབ་མ་སྡེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        རྒྱ་ར་འགབ་མ་སྡེ་བ་ནི་གཙོས་གྲོང་ཁྱེར་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ་བཞི་ཙམ་སྐྱོད་པའི་མཚམས་ན་ཡོད་ལ།ང་ཚོ་གསར་འགོད་ཚོ་ཆུང་སྡེ་བ་འདིར་སླེབས་དུས་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་དེ། ནགས་རི་ཆུང་ཆུང་ཞིག་གི་འདབས་སུ་ཆགས་པའི་རྒྱར་འགབ་མ་སྡེ་བ་ནི་སྔར་ལས་ཅུང་ལྷིང་འཇགས་དང་ཞི་མཐུན་གྱི་སྣང་བ་ཞིག་གིས་ཁེངས་འདུག  སྡེ་བ་ཡོངས་ལ་ཁྱིམ་ཚང་51དང་མི་གྲངས་262ཡོད་ལ། དེའི་ཁྲོད་བོད་ཀྱི་ཁྱིམ་ཚང་15དང་མི་གྲངས་94ཡོད་པར་བཤད་དེ། ཕན་ཚུན་སྤེལ་རེས་དང་འཆམ་མཐུན་མཉམ་གནས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྡེ་བ་ཞིག་ཡིན་པ་རེད།



        སྡེ་མི་ཕྱུག་པོར་འགྱུར་མིན་དེ་སྡེ་བའི་ཏང་ཀྲི་པུའུ་ལ་བལྟ་དགོས་ཞེས་པའི་དཔེ་བཞིན། རྒྱ་ར་འགབ་མའི་ཏང་ཀྲི་པུའུ་ཡིས་ཐོག་མཐར་བར་གསུམ་དུ་ཀྲུང་དབྱང་དང་ཞིན་ཆེན། ཁུལ་རིམ་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ལམ་ཕྱོགས་ལག་བསྟར་དང་རྒྱུན་འཁྱོངས་བྱེད་བཞིན་ཡོད་དེ། ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་ཡོན་གྱི་སྣེ་ཁྲིད། འཇོན་མིའི་སྣེ་ཁྲིད་སོགས་སྣེ་ཁྲིད་གསུམ་གྱི་བྱེད་ཐབས་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་ཏང་དར་མཛེས་པ་དང་སྐྱེ་ཁམས་མཛེས་པ། སྤྱོད་ལམ་མཛེས་པ། ཐོན་ལས་མཛེས་པའི་མཛེས་པ་གསུམ་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།


        ཉེ་བའི་ལོ་འགའི་ནང་རྒྱ་ར་འགབ་མ་སྡེ་བས་དག་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྐྱེ་ཁམས་ཀྱི་སྲུང་སྐྱོབ་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་ཀྱིས། སྡོང་འཛུགས་ནགས་སྐྲུན་དང་ཁོར་ཡུག་གཙང་སྦྲ་སོགས་བྱས་ནས་སྔོན་གྱི་གྲ་དག་མིན་ལ་གད་སྙིགས་ཀྱིས་ཁེངས་པའི་སྡེ་བ་འདི་ལྗང་མདོག་དང་དག་གཙང་རི་ཆུས་སྐོར་བའི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཡུལ་ཞིག་ཏུ་བསྒྱུར་བ་ཡོད་པ་རེད། འདི་དག་ཁོ་ན་ཙམ་མིན་པར་རྒྱ་ར་འགབ་སྡེ་བས་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་ལ་ཡང་ནུས་ཤུགས་གང་ཡོད་བཏོན་བཞིན་ཡོད་དེ། སྡེ་བའི་ནང་གི་བུ་མེད་དང་ལོ་ལོན་སོགས་ངལ་རྩོལ་ནུས་ཤུགས་ཅུང་ཞན་པའི་སྡེ་མི་བསྡུ་རུབ་བྱས་ནས་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་ལ། རང་རང་གི་མཁས་ཕྱོགས་ལྟར་ཐག་ལས་དང་འཚེམ་བཟོ་སོགས་ཀྱི་ལས་ཀ་བཀོད་སྒྲིག་བྱས་ནས་སྡེ་བའི་གཞུང་གི་ཐོན་ལས་འཕེལ་རྒྱས་ལ་འབད་བརྩོན་བྱས་ལ། ལས་ཀ་བཀོད་སྒྲིག་བྱས་ནས་སྡེ་མིའི་ཡོང་འབབ་འཕར་སྣོན་བྱས་པ་རེད།

        སྤྱིའི་སྒྲིག་བཀོད་ཀྱི་ཆ་ནས་སྡེ་བ་འདིར་ཡུལ་སྐོར་སྣེ་ལེན་ཁང་དང་སྨན་ཁང་། སློབ་གྲྭ་སོགས་རྨང་གཞི་སྒྲིག་བཀོད་ཡོད་པ་མ་ཟད། སྤྲོ་གསེང་ཐང་ཆེན་དང་རོལ་རྩེད་ཁང་། ཟ་ཁང་། ལུས་རྩལ་ར་བ། མགྲོན་ཁང་སོགས་ཕུན་སམ་ཚོགས་པའི་འཚོ་བའི་ཆ་རྐྱེན་ཡང་ཡོད་པ་རེད། 2022ལོར་ཀན་ལྷོ་གཙོས་གྲོར་ཁྱེར་གྱི་རང་བྱུང་སོལ་རླངས་ཡང་ཐོག་མར་གྲོང་ཚོ་འདི་ནས་བེད་སྤྱོད་བྱེད་ཐུབ་པར་གྲགས་ལ། འདི་དག་ལས་རྒྱ་ར་འགབ་མ་སྡེ་བའི་ཚད་མཐོ་བའི་འཚོ་བའི་ཆ་རྐྱེན་ཤེས་ཐུབ་ལ། ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་དང་སྲིད་ཇུས་བཟང་བོའི་འོག་ན་རོལ་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བ་ཚོར་ཐུབ་པ་རེད།