བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(46——50)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-21   རྩོམ་ཁུངས།    中国藏族网通

རེ་བདུན་པ། དར་ཆ་སྒྲེང་བ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་དགོས་པ་དེ་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་གི་མར་ཁེ་སི་རིང་ལུགས་མི་སེམས་ལ་གཤགས་པ་དང་དངོས་ལ་ཕབ་ནས་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས། 


—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས།  


རེ་བརྒྱད་པ། དམངས་སེམས་སྡུད་པ་ནི། ཡང་དག་པའི་གླེང་ཕྱོགས་ཕྱོགས་སྟོན་ཁོང་དུ་དམ་པོར་ཆུད་པ་དང་། གཞི་གདངས་གཙོ་བོ་གྱེར་བ། ཡར་སྐུལ་ནུས་སྟོབས་སྐྱེད་པ། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྟོབས་ཆེན་དང་རྒྱ་ཆེར་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྤོབས་པ་མཐོར་འདེགས་པ་དང་སྙིང་སྟོབས་སྐྱེད་པ། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་དམིགས་འབེན་རླབས་པོ་ཆེར་ཕྱོགས་ནས་མཐུན་སྒྲིལ་བློ་གཅིག་གིས་མདུན་དུ་སྐྱོད་པ་དེ་ཡིན། 


                                    —《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས། 


རེ་དགུ་པ། མི་གསར་པ་སྐྱོང་བ་ནི། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་ལག་ལེན་དུ་འདེབས་པ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཆུ་ཚད། དཔལ་ཡོན་བྱང་ཚད་བཅས་མཐོར་བཏེགས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པ་དེ་ཡིན། 

—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས།


བདུན་ཅུ་པ། རིག་གནས་དར་བ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་གསར་གཏོད་རང་བཞིན་གྱིས་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་བརྗེ་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གསོན་ཤུགས་བསླངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ་དེ་ཡིན།

—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས། 


དོན་གཅིག་པ། སྣང་བརྙན་སྟོན་པ་ནི། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་ལེགས་པར་འཆད་པ། ཀྲུང་གོའི་སྐད་སྒྲ་ལེགས་པར་སྒྲོག་པ། འཛམ་གླིང་ལ་བདེན་པ་དང་སྣང་བརྙན། ཕྱོགས་ཡོངས་ཡིན་པའི་ཀྲུང་གོ་བསྟན་ཏེ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་མཐོར་འདེགས་དགོས་པ་དེ་ཡིན།


—《ཞི་ཅིན་ཕིང་གིས་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས།