ཨེ་ཤེ་ཡ་ལྷོ་མའི་དངོས་མང་བཤམ་སྟོན་འདུ་ཚོཊ་སྐབས7པ་ཁུན་མིང་དུ་འཚོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་8པའི་ཚེས་16ཉིན“མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་བཤམ་སྟོན་འདུ་ཚོགས་སྐབས་བདུན་པ་དང་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་27པ་ཁུན་མིང་ཏན་ཁྲེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་། འགྲེམས་ཁང་12པའི་བདེ་ཆེན་ཁུལ་གྱི་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་འགྲེམས་ཁང་ངོ་མཚར་ལྡན་པའི་ངང་འགྲེམས་སྟོན་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་གྱི་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ད་ཐེངས་ཀྱི་ལྷོ་རྒྱུད་འགྲེམས་ཚོགས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཞིང་ལས་འགྲེམས་ཁང་དང་ས་མཐོའི་ཁྱད་ལྡན་ཞིང་ལས་འགྲེམས་ཁང་ཧུར་ཐག་བསྐྲུན་ནས་འགྲེམས་གནས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་216ཟིན་པ་དང་། མཚོན་བྱེད་རང་བཞིན་ལྡན་པའི་ཞིང་ལས་ཁེ་ལས་20བདམས་ནས་འགྲེམས་ཚོགས་ནང་ཞུགས་ཏེ་འགྲེམས་ཞུགས་ཚོང་ཟོག་100ལྷག་ཙམ་ཟིན་ཡོད་པ་རེད། “གནས་མཆོག”དང་“འཕགས་པ་ལྷ་”སོགས་གཙོ་བོར་བྱས་པའི་རྒུན་ཆང་གི་སྤུས་རྟགས་མུ་འབྲེལ་ཐོན་རྫས་དང་། “ཙང་ལུང་”དང་། “སེམས་ཀྱི་ཉི་ཟླ”སོགས་ཁེ་ལས་ཀྱིས་གཙོ་བོར་བྱས་པའི་འབྲི་གཡག་དང་། བོད་ཕག ཉི་ཤར་ཁྱིམ་བྱ་དེའི་མུ་འབྲེལ་ཐོན་རྫས། “ལན་ཚའོ།”“ཅིན་ཁོ”སོགས་གཙོ་བོར་བྱས་པའི་རྒྱ་ལུགས་སྨན་རྫས་རབ་དང་རིམ་པའི་སྤུས་རྟགས། “མེ་ཏོག་གི་སྦྲང་རྩི་”དང་ “འབྲུ་རིགས་ནག་པོ”སོགས་གཙོ་བོར་བྱས་པའི་ཁྱད་ལྡན་ཐོན་ཁུངས་ཀྱི་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་བདེ་ཆེན་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་་བཀྲག་མདངས་འཚེར་ས་གསར་པ་དང་གཟུགས་བརྙན་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། སེམས་ཀྱི་ཉི་ཟླའི་ཁྱད་ལྡན་སྒོ་ཕྱུགས་དང་། འཇོལ་རྫོང་གི་རྒུན་འབྲུམ། འབའ་ལུང་གི་ཀྲུང་ལུགས་སྨན་རྫས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཤིང་། ཁུལ་ཡོངས་སུ་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་མུའུ་ཁྲི་136དང་། ཁུལ་རིམ་པའི་འབྱུང་འཕྲོད་བཟའ་བཅའི་སྤུས་རྟགས་ཐོན་ལས་རྟེན་གཞི་57གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་173“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་བདེན་དཔང་ཐོན་རྫས་176བཅས་ཡོད་པ་དང་། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རྫོང་རིམ་པ་ཡན་གྱི་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་92ཡོད་པ་དང་། ཁུལ་ཡོངས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་50127བྱུང་ཡོད།