2023ལོའི་ལྷ་སའི་ཞོ་སྟོན་མགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

1.jpg

འདི་ནི་ཟླ8པའི་ཚེས16ཉིན། བོད་ལྗོངས་ལྷ་ས་འབྲས་སྤུངས་དགོན་པའི་གྲྭ་པ་ཚོས་གོས་སྐུ་བཤམས་པའི་ཚུལ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ཟླ8པའི་ཚེས16ཉིན། བོད་ལྗོངས་ལྷ་ས་འབྲས་སྤུངས་དགོན་པས་གོས་སྐུལ་བཤམས་པའི་བྱ་འགུལ་སྤེལ་བ་དང་བསྟུན་ལྷ་སའི་ལོ་རེའི་ཞོ་སྟོན་ཡང་དངོས་སུ་མགོ་བརྩམས་པ་རེད། ད་ལོའི་ཞོ་སྟོན་གྱིས“ངོ་མཚར་ཞོ་སྟོན·བདེ་སྐྱིད་ལྷ་ས”ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས། 2023ལོའི་ལྷ་སའི་ཞོ་སྟོན་ཟླ8པའི་ཚེས16ནས་ཟླ8པའི་ཚེས22བར་ལྷ་ས་ནས་སྤེལ་རྒྱུ་རེད།

2.jpg

འདི་ནི་ཟླ8པའི་ཚེས16ཉིན། བོད་ལྗོངས་ལྷ་ས་འབྲས་སྤུངས་དགོན་པའི་གྲྭ་པ་ཚོས་གོས་སྐུ་བཤམས་པའི་ཚུལ་རེད།

3.jpg

འདི་ནི་ཟླ8པའི་ཚེས16ཉིན། བོད་ལྗོངས་ལྷ་ས་འབྲས་སྤུངས་དགོན་པའི་གྲྭ་པ་ཚོས་ཐང་ག་ཆེན་པོ་གོས་སྐུ་བཤམས་སར་ཁུར་བཞིན་པའི་ཚུལ་རེད།

    ད་ལོའི་ཞོ་སྟོན་གྱི་བྱ་འགུལ་གཙོ་བོ་ལ་ནང་དོན7ཡོད་དེ། ཞོ་སྟོན་གྱི་མགོ་རྩོམ་མཛད་སྒོ་དང་། ཚོང་འགུག་དངུལ་འདྲེན་ལས་གཞི་འོས་སྦྱོར་ཚོགས་འདུ། ལས་གཞི་གཅིག་བསྡུས་གན་རྒྱ་འཇོག་པ། ཕུལ་བྱུང་སྲོལ་རྒྱུན་བོད་ཀྱི་ཟློས་གར་འཁྲབ་སྟོན། ལྷ་སའི་རྟ་རྒྱུག་འགྲན་བསྡུར། ལྷ་སའི་བོད་འགྱིག་འཁྲབ་སྟོན་འགྲན་བསྡུར། ལྷ་ས་གྲོང་ཁྱེར་གྱི“རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་ནས། ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང”ཞེས་པའི་ཞིབ་འཇུག་གྲོས་མོལ། སྲོལ་རྒྱུན་གྱི་གོས་སྐུ་བཤམས་པའི་བྱ་འགུལ་རབ་དང་རིམ་པ་འདུས་ཡོད། །