རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས་21པ་མཇུག་བསྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཟླ་8ཚེས་14ཉིན་ཚོགས་འགོ་བརྩམས་ཤིང་། ཚེས་17ཉིན་གྱི་ཕྱི་དྲོར་ཀན་ལྷོ་གཙོད་གྲོང་ཁྱེར་ནས་བདེ་ལེགས་ངང་མཇུག་སྒྲིལ། ཚོགས་འདུར་པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཀྱི་སྨྱན་སྦྱོར་ལས་ཁུངས་29ནས་ཕེབས་པའི་གསར་འགྱུར་ལས་བྱེད་པ་60ལྷག་ཞུགས།     

   ཚོགས་འདུར་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡི་མཆན་བཀོད་མཛུབ་སྟོན་ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྒྱ་མཚོས་ཤིས་ཚིག་ཕུལ། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཱ་ཡུས་ཀྱིས་ཤིས་ཚིག་ཕུལ། 

    བདེ་ཆེན་ཉེན་རེའི་ཚགས་པར་ཁང་གིས་ཐེངས་འདིའི་ཚོགས་འདུར་བརྩམས་ཆོས་10བསྐུར་ལ། རྣམ་འཇོམས་ཚེ་རིང་གི་བརྩམས་ཆོས་《མི་རིགས་ཀྱི་བཟོ་བཀོད་དང་བཟོ་སྐྲུན་རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་བཀྲ་ཤིས་དར་རྒྱས་གླིང་》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ་ལ། སྒྲོལ་མ་གཡང་མཚོའི་དཔྱད་བརྗོད་《བེ་ཤའི་ཐོན་ཁོངས་སྲུང་སྐྱོབ་ཡག་པོ་བྱེད་དགོས་》ཞེས་པ་དང་པདྨ་མ་མཚོའི་དཔྱད་རྩོམ་《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་མཛེས་སྡུག་གི་ཕ་ཡུལ་སྐྲུན་》ཞེས་པ། ཚེ་རིང་སྒྲོལ་མའི་པར་ངོས་《ལོ་སར་གྱི་ཆེད་སྒྲིག་》 ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས《ཡུན་ནན་འཇོལ་རྫོང་གཡུ་འབྲུག་སྟེང་དགོན་པའི་ཆེད་སྒྲིག་པར་ངོས་》སོགས་བརྩམས་ཆོས་བཅུ་ལ་བྱ་དགའ་ཨང་གསུམ་པ་ཐོབ།