འཛམ་གླིང་སྟེང་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རླན་ས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

གསར་འགོད་པས་མཚོ་སྔོན་ཅི་ཏིས་རང་བྱུང་ཐོན་ཁུངས་བརྟག་བཤེར་ཞིབ་འཇུག་གླིང་ནས་རྒྱུས་ལོན་པ་ལྟར་ན། 2014ལོར། མཚོ་སྔོན་ཅི་ཏིས་རང་བྱུང་ཐོན་ཁུངས་བརྟག་བཤེར་ཞིབ་འཇུག་གླིང་གིས་མཚོ་སྔོན་སློབ་ཆེན་དང་མཉམ་འབྲེལ་སྒོས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཀྲའོ་ཞིན་ཆོན་རུ་ཁག་གིས་དུས་ཡུན་ལོ་དགུའི་འབྲི་ཆུའི་མགོ་ཁུངས་ཀྱི་བརྟག་བཤེར་ཁྲོད། མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པའི་འབྲི་ཆུའི་ཆུ་མགོ་ལྷོ་མའི་འདམ་ཆུ་རླན་སའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6400ལ་ཡོད་པ་དང་། རླན་སའི་ཆེས་མཐོ་བའི་ས་བབ་སྨི5350ཡོད་པས་འདི་ནི་ད་ལྟའི་བར་འཛམ་གླིང་དུ་ཤེས་རྟོགས་བྱུང་བའི་རྒྱ་ཁྱོན་ཆེས་ཆེ་བ་དང་ས་བབ་ཆེས་མཐོ་བའི་མཐོ་སྒང་གི་རླན་ས་ཡིན། རྒྱུས་ལོན་པ་ལྟར་ན། རླན་ས་དེ་ལོ་མང་ས་འཁྱགས་རྒྱ་ཆེར་ཁྱབ་པའི་དཔེ་མཚོན་གྱི་འཁྱགས་དར་ཁོར་ཡུག་དུ་གྲུབ་ཡོད།

མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པའི་འབྲི་ཆུའི་ཆུ་མགོ་ལྷོ་མའི་འདམ་ཆུ་རླན་ས།

རྒྱུས་ལོན་པ་ལྟར་ན། རླན་ས་འདི་དུས་ཡུན་རིང་བོར་དྲོད་གྲང་དམའ་བའི་གནས་བབ་འོག་གནས་པས། དར་འཁྱགས་དང་མཉམ་འདྲེས་ནི་གཙང་བོའི་མགོ་ཁུངས་དམིགས་བསལ་གྱི་ཆུའི་འཁོར་རྒྱུག་རྣམ་པ་ཡིན་ཞིང་། རྩྭའི་ཡལ་ག་འབུར་དུས་རྩ་བ་འབུར་དུ་ཐོན་ནས་མགོ་ཁུངས་ཁུལ་དམིགས་བསལ་གྱི་འདམ་སོལ་སྤང་རྡོག་གྲུབ་ཡོད། འདམ་ཆུ་མགོ་ཁུངས་ཀྱི་མཐུག་ཚད་ལ་ལི་སྨི50ཡོད་པའི་འདམ་སོལ་རིམ་པ་ནི། མིག་སྔར་འཛམ་གླིང་སྟེང་ཤེས་རྟོགས་བྱུང་བའི་ས་བབ་ཆེས་མཐོ་བའི་འདམ་སོལ་རླན་ས་ཡིན།

བརྟག་ཞིབ་ཚན་ཆུང་གི་ཆེད་མཁས་པས། འབྲི་ཆུའི་མགོ་ཁུངས་ས་ཁུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ། མཐོ་སྒང་གི་ངོས་མཉམ་སྲུང་འཛིན་བྱས་པ་ཆ་ཚང་ཡིན་པས་རླན་ས་མང་པོ་བྱུང་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6400ཡོད་པའི་རླན་ས་ནི་འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམས་སྒྲིལ་ཁུལ་གྲས་ཤིག་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་རྫས་མཁོ་སྤྲོད་ས་ཁུལ་གཙོ་བོ་ཞིག་ཀྱང་ཡིན། དེར་བརྟེན། འབྲི་ཆུའི་མགོ་ཁུངས་རླན་སར་སྲུང་སྐྱོང་དང་སླར་གསོ་བྱེད་པ་དེས་རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དབྱང་གཉིས་ཐན་འགྱུར་ཇེ་མཐོ་དང་གོ་ལ་ཧྲིལ་པོ་ཇེ་དྲོད་དུ་འགྲོ་བ་བཀག་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན། །