རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས21འཚོགས་པ།

རྩོམ་པ་པོ།   རིན་ཆེན། རྣམ་འཇོམས།  ཡིག་བསྒྱུར།       དུས་ཚོད།   2023-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སྤྱི་ཟླ8པའི་ཚེས14ཉིན་གྱི་སྔ་དྲོར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས།ཐེངས་འདིའི་ཚོགས་འདུར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོལ་པུའུ་ཡི་པུའུ་ཀྲང་མ་ཡུས་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཡན་ཆིན་སོགས་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་གྱི་ཚོགས་གཙོའམ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་གྱི་ཚོགས་གཙོའམ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་སོགས་གྲོས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཛིན་པ་ཞུགས་ཤིང་གཏམ་བཤད་གནང་།  དེ་མིན་ཐེངས་འདིའི་ཚོགས་འདུའི་ཐོག་བོད་ལྗོངས་དང་ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ནས་ཡོང་བའི་ཚགས་པར་དང་བརྙན་འཕྲིན། དྲ་ཚིགས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་29ཡི་ཚོགས་ཞུགས་མི་སྣ་60ལྷག་ཡོང་པ་རེད། 


      ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་བྱས་པ་ཡིན། ཚོགས་འདུ2023ལོའི་ཟླ8པའི་ཚེས14ཉིན་ནས་ཟླ8པའི་ཚེས17ཉིན་བར་ཡིན་ཏེ། ཚོགས་ཡུན་ཉིན་བཞི་ཡིན་པ་རེད། ཉིན་བཞིའི་རིང་ལ་འགྲན་ཞུགས་བརྩམས་ཆོས་དཔྱད་འདེམས། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་བརྗེ་རེས།   ཕྱོགས་སོ་སོ་ནས་ཡོང་ཡོད་པའི་གསར་འགྱུར་ལས་བྱེད་པ་གྲོང་པ་དང་དགོན་སྡེར་སོང་ནས་མཉམ་དུ་གསར་འགྱུར་རྩོམ་འབྲི་དང་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད།