ཉི་ཤར་སྐྱ་སྟེང་གྲོང་ཚོའི་བྱམས་གླུའི་རིག་གནས་དུས་ཆེན་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་8ཚེས་13ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་སྐྱ་སྟེང་གྲོང་སྡེའི་བྱམས་གླུའི་ཕྲེང་བསྟར་རིག་གནས་དུས་ཆེན་སྐབས་དང་པོ་དེ་སྐྱ་སྟེང་གྲོང་ཚོའི་ཁྱིམ་སྡོད་གྲོང་མི་ཚོ་ཆུང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཐོག“མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བོད་གྲོང་ཉམས་འགྱུར་གྱི་ཉི་ཤར་གསར་དུ་བསྐྲུན་པ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཉི་ཤར་བྱམས་གླུའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དེ་རེད།   


མ་འོངས་པར་ཉི་ཤར་ཤང་གིས་ཉི་ཤར་བྱམས་གླུ་དམ་འཛིན་བྱེད་སར་བཟུང་ནས་བོད་གྲོང་གི་ཉམས་འགྱུར་ལྡན་པའི་ཉི་ཤར་གསར་དུ་བསྐྲུན་ནས་དམངས་ཁྲོད་དུ་ཡུན་རིང་ཁྱབ་པའི་ཉི་ཤར་བྱམས་གླུའི་རྨང་གཞིའི་ཐོག་སྔོག་འདོན་གཏིང་ཟབ་བྱས་ཏེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བའི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་བརྟེན་ནས་ཉི་ཤར་བྱམས་གླུའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ་འཁྲུག་ཆ་དོད་པའི་ཞབས་བྲོ་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཁེ་ཡོང་བ་བྱ་རྒྱུ་རེད།