བོད་ཡིག་རིག་གཞུང་དུས་དེབ་སྐོར་གྱི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-14   རྩོམ་ཁུངས།    མཚོ་སྔོན་པོ།

སྤྱི་ཟླ8པའི་ཚེས14ཉིན། རྒྱལ་ས་པེ་ཅིང་དུ་ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་ཀྱི་སྤྱི་ཚོགས་དཔྱད་འཇོག་མ་ལག་གཏན་འཁེལ་བྱུང་སྟེ་བོད་ཡིག་རིག་གཞུང་དུས་དེབ་ལྔ་སྲོག་ཤིང་དུས་དེབ་ནང་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས།


དོན་འདིས་བོད་ཡིག་རིག་གཞུང་དུས་དེབ་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་གདེང་འཇོག་ཚད་གཞི་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། དེའི་ནང«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་སློབ་ཆེན་གྱི་རིག་དེབ» «བོད་ལྗོངས་ཞིབ་འཇུག»བཅས་གསུམ་ནི“བོད་ཡིག་སྤྱི་ཚོགས་ཚན་རིག་གི་དྲངས་ཚིག་དཀར་ཆག”སྲོག་ཤིང་དུས་དེབ་དང། «ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ»གཉིས“བོད་ཡིག་སྤྱི་ཚོགས་ཚན་རིག་གི་དྲངས་ཚིག་དཀར་ཆག”སྲོག་ཤིང་རྒྱ་སྐྱེད་པར་མར་བདམས་པ་རེད། 


མི་རིགས་ཀྱི་ཡིག་རིགས་ལམ་ནས་རིག་གཞུང་དུས་དེབ་ལེགས་པོར་གཉེར་བ་ནི་རང་རྒྱལ་གྱི་དུས་དེབ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཞིབ་འཇུག་གི་གཞི་རྟེན་གལ་ཆེན་ཞིག་ཡིན། དེ་བཞིན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། །