རྩེ་ཆུའི་འགྲམ་ངོགས་ཀྱི་དགྱེས་སྟོན་ལས་འབྲོག་པའི་དམངས་སྲོལ་རིག་གནས་ལ་རོལ་མྱོང་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-11   རྩོམ་ཁུངས།     མི་དམངས་དྲ་བ།

        ཟླ8པའི་ཚེས6ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་སྲོལ་རྒྱུན་རྟ་རྒྱུག་དང་འོ་མ་བཞོ་བ་སོགས་མི་རིགས་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར་དང་། ཕྱུགས་ཟོག་གི་ཕྱུགས་རྒྱུད་དཔྱད་འདེམས་བྱ་འགུལ། ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་ཚོགས་འདུ། རོལ་དབྱངས་དགོང་ཚོགས་སོགས་སྤེལ་ཏེ། སྐབས་དང་པོའི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་དང་ཟླ་བརྒྱད་པའི་རྩྭ་ཐང་གི་དགྱེ་འཛོམས་སྟེང་ངོ་མཚར་བའི་ལྟད་མོ་མང་པོ་ངོམ་ནས། འབྲོག་པའི་དམངས་སྲོལ་རིག་གནས་མངོན་པར་མཚོན་པ་རེད།།

        ལུས་ལ་རྒྱན་གོས་སྤྲས་པའི་རྩེ་ཁོག་གི་འབྲོག་མོ།

        རྟ་རྒྱུག་འགྲན་བསྡུར།

        མཛེས་སྡུག་ཡིད་འོང་གི་རྩྭ་ཐང་།

        འོ་མ་བཞོ་བའི་འགྲན་བསྡུར།

        མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་གུར།

        ས་སྲོད་དུས་ཀྱི་རྩེ་ཆུ་རྩྭ་ཐང་།

        ལུས་ལ་དུས་ཆེན་གྱི་གཟབ་གོས་གྱོན་པའི་བྱིས་པ།

        རྩེ་ཁོག་གི་འབྲི་གཡག་དཔྱད་འདེམས་འགྲེམ་སྟོན།