འཇོལ་རྫོང་གིས་ནུས་ཤུཊ་ཡོད་རྒུས་ཡུལ་སྐོར་ཞབས་ཞུའི་འགན་ལེན་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-10   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།་ལོའི་ལོ་སྟོད་དུ་འཇོལ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་150.99ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་99.54%འཕར་ནས་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་16.57མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་91.99%འཕར་བ་དང་འཇོལ་རྫོང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་ཚད་མྱུར་དུ་འཕར་ཡོད་པ་རེད།

图片

        ཞབས་ཞུ་འགན་ལེན་དོན་ཐོག་ཏུ་འཁྱོལ་བ། “བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རིག་གནས་ཡུལ་སྐོར་དང་། འགྲིམ་འགྲུལ་སོགས་སྡེ་ཚན་གཅིག་གྱུར་འཆར་འགོད་ཀྱིས་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་ཁྲོམ་རའི་སྒྲིག་ལམ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་པ།  

图片

        ཡུལ་སྐོར་བས་ཉམས་ལེན་གནད་ལ་འཁེལ་བ། མཛེས་ལྗོངས་ཁུལ་སོགས་ཀྱི་ཐེག་ཚད་དངོས་ལ་ཞིབ་འཇུག་དང་བརྡར་ཤ་གང་ལེགས་གཅོད་པ་དང་། “མཚམས་ཚད་དང་། ཁ་ཆད། རེས་བགྲོད་”བཅས་ཀྱི་རྩ་དོན་ལྟར། དབྱར་གནང་གི་སྐབས་སུ་ཉིན་རེའི་སྣེ་ལེན་བྱེད་ཚད་ཉལ་ཁྲི་4000ཚད་གཞིར་བཟུང་སྟེ། གཙོ་གནད་ས་ཁུལ་དུ་རླངས་འཁོར་འགག་པའི་གནས་ཚུལ་མི་ཐོན་པ་བྱས་ཡོད།

图片


        རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་འདོན་གནད་ལ་འཁེལ་བ།རིག་གནས་ཡུལ་སྐོར་གྱི་ནང་དོན་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་ས་མཚམས་བརྒལ་ནས་མཉམ་འདྲེས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དང་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་པ། 2023ལོའི་གེ་སར་མདའ་འཕེན་དུས་ཆེན་སྐབས་དྲུག་པའི་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད། མིག་སྔར་གོ་རིམ་ལྡན་པའི་སྒོ་ནས2023ལོའི་“ཀྲུང་གོ་ཁ་བ་དཀར་པོའི་པིང་ཝང་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི”གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད།