བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་བེ་ཤ་སྐྱེལ་འདྲེན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
图片
    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་ཞེས་པའི་བླང་བྱ་ལྟར། མགྱོགས་ལ་ལས་ཕྱོད་ཆེ་བའི་མཁའ་འགྲུལ་ཞབས་ཞུའི་འགན་ལེན་ལ་བརྟེན་ནས་ཁྱོན་བེ་ཤ་སྐྱེལ་འདྲེན་གནམ་གྲུ་ཐེངས་18འགན་ལེན་བྱས་པ་དང་བེ་ཤ་སྐྱེལ་འདྲེན་གནམ་གྲུ་བརྒྱུད་བེ་ཤ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཏུན་130.95སྐྱེལ་འདྲེན་བྱས་པ་རེད།
图片
图片
        ཉིན་རེ་བཞིན་སླར་གསོ་བྱུང་བའི་འགྲུལ་པ་རྒྱུན་ཚད་དང་དངོས་ཟོག་རྒྱུན་ཚད་གྱི་མདུན་དུ་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུའི་འདུ་ཤེས་རྒྱུན་མཐུད་ངང་ལག་ལེན་ཡག་པོ་བསྟར་ནས་བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་ཞེས་པའི་རྩ་བའི་བླང་བྱར་མུ་མཐུད་དམིགས་ཏེ་བེ་ཤ་སྐྱེལ་འདྲེན་གནམ་གྲུའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། བེ་ཤ་སྐྱེལ་འདྲེན་འཁོར་སྐྱོད་བྱས་ནས་ཉིན་8སོང་ཚུན། ཉིན་གཅིག་གནམ་ཐང་ནས་ཚོང་ཟོག་འབོར་ཚད་བསྟུད་མར་ཏུན་20ལས་བརྒལ་བ་དང་ཟླ་8པའི་ཚེས་4ཉིན་ཏུན་28ཟིན་ནས་ཉིན་གཅིག་གི་ཚོང་ཟོག་འབོར་ཚད་ཀྱི་ཟིན་ཐོ་གསར་པ་ལས་བརྒལ་ཡོད་པ་རེད།