ཆར་རྗེས་ཀྱི་ནགས་ཕག་མཚོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དབྱར་ཟླ་དྲུག་པའི་ནགས་ཕག་མཚོ་ནི་རང་བྱུང་ཁམས་ཀྱི་ཚོན་གཞོང་ཞིག་དང་འདྲ་སྟེ།གསེར་མདོག་གི་པད་ཁའི་མེ་ཏོག་དང་། ལྗང་མདོག་གི་ཡངས་པའི་རྩྭ་ཐང་།གཞན་གཡའ་དག་པའི་ནམ་མཁའ་དང་དག་གཙང་ལྷད་མེད་ཀྱི་སྤྲིན་དཀར་བཅས་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་རང་བྱུང་གི་རི་མོ་ཞིག་ལྷུན་གྱིས་གྲུབ་ཡོད།ཆར་རྗེས་ཀྱི་འཇལ་ཚོན་ནི་དེ་བས་ལྟ་ན་སྡུག་པས་ལྷ་ཡུལ་གྱི་ཞིང་མཆོག་ཞིག་དང་གཉིས་སུ་མ་མཆིས།