མཐོ་སྒང་གི་མེ་ལོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-03   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

    མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བ་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ150མཚམས་སུ་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་4625.6ཡོད། མཚོ་ངོས་ལས་ས་བབ་མཐོ་ཚད་སྨི3196.69ཟིན་ཡོད་ལ། ཆུའི་གཏིང་ཚད་ཆ་སྙོམས་སྨི18ཟིན་ཡོད། མཚོ་མཐའི་རིང་ཚད་ལ་སྤྱི་ལེ360ཙམ་ཡོད་ལ། མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་གནས་པ་དང་། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་ཡིན་པས། “ཀྲུང་གོའི་མཚེའུ་མཛེས་ཤོས”ཞེས་པའི་མཚན་སྙན་ཐོབ་ཡོད། མཚོ་སྔོན་པོ་ནི་འཛམ་གླིང་མཐོ་སྒང་གི་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་འདམ་རའི་རིགས་ཀྱི་དཔེ་མཚོན་ཞིག་ཡིན།