ཉིན་འདི་དག་ཡང་ཐང་གྲོང་མིས་དགའ་སྤྲོའི་ངང་སྟག་ཟླ་རོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ8པའི་ཚེས1ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་ཞི་མཐུན་དང་།    འབྱོར་ཕྱུག་ལྡན་པ།    ཤེས་དཔལ་རྒྱས་པ།    མཛེས་སྡུག་ལྡན་པ།    བདེ་སྐྱིད་ལྡན་པ་བཅས་ཀྱི་སེམས་ཀྱི་ཉི་ཟླ་བསྐྲུན་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡང་ཐང་གྲོང་རྡལ་སྟག་ཟླ་ལོ་ལེགས་དུས་ཆེན་དེ་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་འོག་ཕུ་ཚོགས་ཆུང་གི་རྩྭ་ར་རུ་སྤེལ་བ་རེད། འདི་ནི་ལོ་ལེགས་ལ་བསུ་བ་ཞུ་བ་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཞིག་ཡིན་ལ།ཡང་ཐང་གྲོང་རྡལ་ཞིང་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཚོལ་ཞིབ་དང་ཚོད་ལྟ་ཞིག་ཀྱང་ཡིན་པ་རེད།    

    ཐེངས་འདིའི་ལོ་ལེགས་དུས་ཆེན་དེ་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་དང་།    ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན།    རྟ་རྒྱུག  ཐག་འཐེན།    ཡང་ཐང་གི་སྲོལ་རྒྱུན་བོད་ལྭ་གྱོན་པའི་འགྲན་བསྡུར།       དེ་མིན་མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྣ་མང་བཀོད་སྒྲིག་བྱས་ནས་འབྲས་ལྡན་ལོ་ལེགས་ལ་བཀྲ་ཤིས་འཛུམ་གྱིས་བསུས་བ་རེད།  སྟག་ཟླ་དུས་ཆེན་ནི་ཡང་ཐང་གྲོང་རྡལ་གྱི་དམངས་ཁྲོད་དུ་ཁྱབ་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། 

    ད་སྐབས་ཀྱི་དུས་ཚིགས་འདིར།ཡང་ཐང་ཡུལ་དུ་རྩྭ་ཆུ་བཟང་བ་དང་།    ནོར་ལ་ཤ་ཤེད་རྒྱས་པ།   ཞིང་ལ་ལོ་ཏོག་སྨིན་པས།    ལོ་ལྟར་གྱི་དུས་ཚིགས་འདིར་ས་གནས་འདིའི་ཡུལ་མི་རྣམས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་ལོ་ལེགས་གི་དུས་འདིར་དགའ་སྟོན་རྟེན་འབྲེལ་ཞུ་གི་ཡོད།  སྟག་ཟླ་རོལ་རྒྱུ་ནི་ཡང་ཐང་དུ་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་གསར་ཕུད་པའི་དུས་ཆེན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།