རྫ་ཆུ་འབྱུང་ཡུལ་གྱི་རྣམ་སྲས་གྲོག་རོང་ཆེན་མོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-31   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

1.jpg

2.jpg

3.jpg

འདི་དག་ནི་བར་སྣང་ནས་པར་བླངས་པའི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཡིན།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན། གསར་འགོད་པས་རྫ་ཆུ་འབྱུང་ཡུལ་གྱི་རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་མཛེས་ཉམས་པར་བླངས་ཤིང་། རྣམ་སྲས་གྲོག་རོང་ཆེན་མོ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་སུ་གནས་པ་དང་། དེའི་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། རྣམ་སྲས་གྲོག་རོང་ཆེན་མོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུ་འབྱུང་ཁུལ་ས་ཁོངས་སུ་གཏོགས་ཤིང་། མངའ་ཁོངས་སུ་མཐོ་གྲང་ཁབ་ལོ་དབྱིབས་ཅན་གྱི་ནགས་ཚལ་དང་སྤང་ལྗོངས་སོགས་ཀྱི་སྐྱེ་ཁམས་མ་ལག་རིགས་ཁྱབ་ཡོད་པ་མ་ཟད། གཟིག་ཁྲ་ཐིག་ཅན་དང་གསའ་སོགས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་འཚོ་སྡོད་བྱེད་ས་གཙོ་བོ་ཡིན། །