གྲོང་ཁྱེར་འདི་ལ་འཛམ་གླིང་ཟིན་ཐོ་གསུམ་གྱི་དཔང་ཡིག་སྤྲད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-27   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

 ཀྲུང་དབྱང་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་ལྷོ་བཅས་སྨྱན་སྦྱོར་ལས་ཁུངས་བཞིས་མཉམ་འབྲེལ་སྒོས་སྤེལ་བའི་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚོ་ཆུང་ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གསེར་མོ་ལྗོངས་སུ་སླེབས་ཡོད། ཁུལ་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  སྤུས་ཚད་མཐོན་པོས་གྲོང་གསེབ་དར་སྤེལ་གཏོང་བ་དམིགས་འབེན་གཙོ་བོར་བཟུང་ནས་རིག་གནས་ཀྱིས་ཡུལ་སྐོར་འཕེལ་རྒྱས་གཏོང་པ་དང་། ས་གནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དང་སྐྲུན་བཞིན་པ་རེད།

      ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཐང་ཆེན་ནས་ཐུན་རིན་གྲོང་ཁྱེར་གྱིས་2023ལོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་སོགས་འཛམ་གླིང་ཟིན་ཐོ་གསུམ་གྱི་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ། དེའི་ཁྲོད་དུ་འཛམ་གླིང་ཟིན་ཐོའི་ཀྲུང་གོར་སྡོད་པའི་སྙན་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཆིན་ཐའེ་དང་། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་མཁན་མ་ཁི་ཞི་མུའུ། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་འགོ་འཛིན་ཨན་ཡུང་ཧྲེང་། རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་སོགས་དཔང་ཡིག་སྤྲོད་པའི་མཛད་སྒོར་ཞུགས། 

      རྒྱུས་ལོན་པ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས་ཡར་ཞུ་བྱས་པའི་མི་གྲངས་ཆེས་མང་བའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་། སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ། གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི་བཅས་ལ།  འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཁས་ལེན་དཔང་འདོན་འགོ་འཛིན་གྱིས་ཉིན་གཉིས་རིང་ལ་ཞིབ་བཤེར་དང་ཚད་འཇལ། གསལ་འབྱེད་བཅས་བྱས་ནས་བདེ་བླག་ངང་ཞིབ་བཤེར་གྱི་ཚད་ལོན་པ་དང་ཡུལ་དངོས་ནས་འཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲད། 

      འདི་ནི་ཉིས་སྟོང་བཅུ་དགུ་ལོར་ཐུན་རིན་གྲོང་ཁྱེར་གྱིས་གཞི་རྒྱ་ཆེས་ཆེ་བའི་ཐང་ག་འགྲེམ་སྟོན་དང་མཉམ་དུ་ཐང་ག་འབྲི་བཞེངས་བྱེད་པའི་ཅི་ཉི་ཟིའི་འཛམ་གླིང་ཟིན་ཐོ་སྣ་གཉིས་བསྐྲུན་རྗེས། ཡང་བསྐྱར་འཛམ་གླིང་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

    ཐེངས་འདིའི་མཛད་སྒོའི་སྟེང་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་རིགས་ཤིག་སྟེ་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་། གྲོང་གསེབ་དར་སྤེལ་གྱི་སྐོར་ནས་གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི། རེབ་གོང་སྒྱུ་རྩལ་གྱི་སྐོར་ནས་སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ་བཅས་འཛམ་གླིང་གི་ཟིན་ཐོ་གསུམ་ལ་ཁས་ལེན་དཔང་འདོན་བྱས། དེ་ལས་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་ལ་གཞི་རྒྱ་ཆེས་ཆེ་བ་དང་མི་གྲངས་ཆེས་མང་བ། ལྷ་རྩེད་རིགས་ཆེས་མང་བའི་ཁྱད་ཆོས་ལྡན་ཏེ།  དེར་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པའི་དྲུག་པའི་ཀླུ་རོལ་གྱི་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་བཅས་འདུས་ཡོད། 








图片


    ཉེ་བའི་ལོ་ཤས་རིང་། ཐུན་རིན་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་རྔམས་མཐུག་པའི་ལོ་རྒྱུས་རྨང་གཞི། ཟབ་ཅིང་ཡངས་པའི་སྐྱེ་ཁམས་ཁྱད་སྟོབས་བཅས་ལ་བརྟེན་ནས་ལྗང་མདོག་སྐྱེ་ལྡན་གྱི་རོང་འབྲོག་ལས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་ཆ་བསྐྲུན་པར་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་དང་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས། གྲོང་ཁྱེར་ཡོངས་ཀྱི་བརྩེ་བ་བཅས་གཞི་གཅིག་ཏུ་བསྡུས་ནས་ས་ཆ་གཅིག་དང་གསར་གཏོད་གཉིས། ཡར་སྐུལ་གསུམ། ར་བ་བཞི། རྒྱུད་ལྔ་བཅས་ཀྱི་བཀོད་སྒྲིག་གསར་དུ་བཏོན་ཏེ།  རེབ་གོང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རིག་གནས་སྲུང་སྐྱོབ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ཐོན་ལས་དར་སྤེལ་བཅས་ཀྱི་ཐད་དུ་གོམ་སྟབས་བརྟན་པོ་སྤོས་པར་མ་ཟད། འཛམ་གླིང་གི་ཟིན་ཐོ་གསུམ་བསྐྲུན་པ་དེས་ཐུན་རིན་གྲོང་ཁྱེར་གྱི་མི་རབས་འགའི་རེ་འདོད་འགྲུབ་པར་བྱས་པ་དང་། གྲུབ་འབྲས་ཆེན་པོས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད།