རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-24   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།
ལྷན་རྒྱས་སྐུ་ཁམས་བཟང་། ཐེངས་འདིར་རྣམ་པ་ཚོར་སྐད་འཕྲིན་བེད་སྤྱོད་བྱེད་སྟངས་ཀྱི་ལག་རྩལ་ཆུང་ཆུང་ཞིག་སློབ་རྒྱུ་ཡིན། དེ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་སྟེ། སྐད་འཕྲིན་ཨང་གྲངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ནི་སྐད་འཕྲིན་ལས་ངེས་པར་དུ་བསུབ་དགོས་པའི་སྒྲིག་འགོད་གཉིས་ཡིན།
ཚང་མའི་ངོས་ནས་བརྗོད་ན་སྐད་འཕྲིན་ནི་ཉིན་ལྟར་བེད་སྤྱོད་གཏོང་མང་ཤོས་ཡིན་པ་མ་ཟད་སྐད་འཕྲིན་ཨང་གྲངས་ཀྱི་བདེ་འཇགས་ལ་ཡང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད།
ཧ་ལམ་མི་ཕལ་མོ་ཆེས་རང་གི་སྐད་འཕྲིན་དང་དངུལ་བྱང་འབྲེལ་ཡོད་པས། གལ་ཏེ་ཆ་འཕྲིན་ཕྱི་ལ་གྱར་ཚེ་གྱོང་གུན་ཚབས་ཆེན་ཕོག་ངེས་རེད།
དེས་ན་སྐད་འཕྲིན་གྱི་སྒྲིག་འགོད་གང་གཉིས་ངེས་པར་དུ་བཀག་དགོས་སམ་ཞེ་ན།
དང་པོ། དང་ཐོག་བཀག་དགོས་པ་ནི་སྐད་འཕྲིན་གྱི་དངུལ་རྩའི་རྒྱུ་ནོར་བདག་གཉེར་ཐོན་རྫས་ཞབས་ཞུ་ཡིན། གང་ཡིན་ཞེ་ན། ང་ཚོར་མཚོན་ན་ཞབས་ཞུ་དེ་དགོས་པ་མེད་པའི་ཁར། དེ་ལས་ལྡོག་སྟེ་དེས་བཀོལ་སྤྱོད་ནོར་འཁྲུལ་ཐོན་སླ་བའམ་གཡོ་འོག་ཏུ་ཚུད་བྱེད་ཙམ་ལས་གཞན་ཕན་པ་གཏན་ནས་མེད།
1. ཁ་པར་ལས་སྐད་འཕྲིནཁ་ཕྱེ་རྗེས་གཡས་འོག་གི་ང་ཞེས་པ་དེ་མནན་ན། ཞབས་ཞུའི་གདམ་གསེས་ཞེས་པ་རྙེད་ཅིང་། དེ་ནས་ནང་དུ་འཛུལ་བ་ཞེས་པ་གནོན་དགོས།
2. ཞབས་ཞུ་ཞེས་པའི་ནང་གི་གཡས་ཟུར་གྱི་ཚེག་གསུམ་ཡོད་པ་དེ་གནོན་དགོས། (…)
3. འོག་ནས་ཤར་ཡོང་པའི་ཁྲོད་ཀྱི་ཞབས་ཞུའི་དོ་དམ་ཞེས་པ་གནོན་དགོས།
4. ཞབས་ཞུའི་དོ་དམ་སྒེའུ་ཁུང་ནང་གི་དངུལ་རྩའི་རྒྱུ་ནོར་དོ་དམ་ཞེས་པ་ཚང་མ་བཀག་དགོས།
གཉིས་པ། ང་ཚོའི་སྐད་འཕྲིན་བེད་སྤྱོད་བྱེད་མྱོང་བའི་སྒྲིག་ཆས་ཀྱི་ཆ་འཕྲིན་བསུབ་དགོས། ཚང་མ་བསུབས་རྗེས་ད་དུང་མི་གཞན་གྱིས་ང་ཚོའི་སྐད་འཕྲིན་བེད་སྤྱོད་བྱས་ཚེ་ང་ཚོས་བལྟས་པ་ཙམ་གྱིས་སྒྲིག་ཆས་གང་ཞིག་གི་ཐོག་ཏུ་ང་ཚོའི་སྐད་འཕྲིན་རྐུ་སྤྱོད་བྱས་པ་ཤེས་ཐུབ།
1. ཁ་པར་ལས་སྐད་འཕྲིན་གྱི་ཁ་ཕྱེ་རྗེས། གཡས་འོག་གི་ང་ཞེས་པ་དང་དེ་ནས་སྒྲིག་འགོད་ཞེས་པ་གཉིས་མནན་ཏེ། སྒྲིག་འགོད་སྒེའུ་ཁུང་ནང་གི་ཨང་གྲངས་དང་བདེ་འཇགས་ཞེས་པ་དེ་གནོན་དགོས།
2. ཨང་གྲངས་དང་བདེ་འཇགས་ཞེས་པའི་སྒེའུ་ཁུང་ནང་གི་བེད་བྱས་ཟིན་པའི་སྒྲིག་ཆས་ཞེས་པ་དེ་གནོན་དགོས།
3. བེད་སྤྱོད་བྱེད་མྱོང་བའི་སྒྲིག་ཆས་ཞེས་པའི་སྒེའུ་ཁུང་ནང་གི་ཐོ་འགོད་ལས་ཕྱིར་འཐེན་བྱས་ཟིན་པའི་སྒྲིག་ཆས་ཚང་མ་བསུབས་རྗེས་ཐོ་འགོད་བྱས་པ་ལས་ཕྱིར་འཐེན་བྱས་པ་ཤེས་རྟོགས་ཐུབ་པ་ཡིན།
འདི་ལྟར་བྱས་ན། རྗེས་སུ་བེད་སྤྱོད་མཚམས་འཇོག་གི་ཨང་གྲངས་སྒྲིག་ཆས་ཐོག་སྤྱད་ཡོད་ཚེ། ཞིབ་བཤེར་བྱས་ན་རང་ཉིད་ཀྱིས་སྤྱད་མེད་པ་ཤེས་ན། ཁྱེད་རང་གི་སྐད་འཕྲིན་ལ་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཡོད་པ་གསལ་བཤད་བྱེད་ཐུབ་པས། སྐད་འཕྲིན་ཨང་གྲངས་བརྐུས་སྲིད་པ་རེད། དེ་བས་ངེས་པར་དུ་དུས་ཐོག་ཏུ་གསང་གྲངས་བརྗེ་དགོས།
གོང་གི་ནང་དོན་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོས་ཤེས་སོང་ངམ། ཤེས་བྱ་ཆུང་ཆུང་འདི་གཞན་ལ་བརྒྱུད་བསྐུར་བྱས་ནས་མི་གང་མང་གིས་ཤེས་སུ་འཇུག་རོགས།