རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། ཚ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཚ་ཆེ་བ་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་བཅུ་གཉིས་པ་ཡིན་ལ། དབྱར་ཁའི་དུས་ཚིགས་ཆེས་མཇུག་མཐའ་ཡང་ཡིན། ཚ་ཆེའི་དུས་སུ་ཉི་འོད་དྲག་པོ་དང་། དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ་བ། ཆར་པ་མང་བས་བརླན་བཤེར་དང་ཚ་བ་བཟོད་དཀའ་བའི་སྡུག་བསྔལ་གཡོལ་ཐབས་མེད་ཀྱང་ལོ་ཏོག་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་དང་ལོ་ཏོག་དེའི་རིང་འཚར་ལོངས་མགྱོགས་ཤོས་ཡོང་གི་ཡོད། “ཚ་ཆེ”ནི་ལོ་གཅིག་ནང་གནམ་གཤིས་ཚ་ཤོས་དང་བརླན་གཤེར་ཆེ་ཤོས་ཀྱི་དུས་ཚིགས་ཤིག་ཀྱང་ཡིན་པས། སྐབས་དེར་ལུས་གསོའི་འཕྲོད་སྦྱོར་གྱི་གཙོ་གནད་ནི་“ཚ་གདུག་འགོག་པ་”དང་“གྲུམ་བུ་སེལ་”རྒྱུ་དེ་རེད།