བདེ་ཆེན་ཁུལ་གྱི་བེ་ཤའི་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་“ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་”འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་བ་བརྒྱུད་བེ་ཤ་ཐོན་ལས་ཀྱིས་མཚོན་པའི་“ཁྱད་ལྡན་ས་མཐོའི་བཟའ་བཅའི་སྤུས་རྟགས་”ལ་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དང་ལོ་རེར་ཆ་སྙོམས་བདེ་ཆེན་ནས་བརྒྱུད་སྐྱེལ་བྱས་པའི་བེ་ཤ་ཏུན་600་ཙམ་ཟིན་པ་དང་ལོ་རེར་ཉོ་ཚོང་བྱེད་ཚད་ཏུན་3000་ཙམ་ཟིན་ནས་འབྲེལ་ཡོད་ཐོན་རྫས་ཀོང་ཀྲོའུ་དང་། ཧྲེན་ཀྲེན། པེ་ཅིང་། རི་པིན། ཧན་གོ ཡོ་རོབ་དང་ཨ་རི་སོགས་ས་ཁུལ་དུ་ཕྱིར་ཚོང་བྱེད་ཀྱི་ཡོད། ད་ཆ་བེ་ཤ་ནི་བདེ་ཆེན་གྱི་ཕྱིར་གཏོང་ཚོང་ཟོག་ཆེ་ཤོས་གཅིག་པུ་དེར་གྱུར་ཡོད།
        ཁྱད་ཆོས་མངོན་གསལ་དོད་པའི་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་ཐོན་པ་བྱེད་པ། མིག་སྔར་བདེ་ཆེན་གྱིས་བེ་ཤ་ཐོན་ལས་དང་འབྲེལ་བ་ཡོད་པའི་གཞི་ཁྱོན་ལྡན་པའི་སྣེ་འདྲེན་ཁེ་ལས་ཁྱོན་30ལྷག་ཙམ་གཉེར་བ་དང་བེ་ཤ་གཞི་ཁྱོན་ལྡན་པའི་ལས་སྣོན་ཁེ་ལས་6དང་བེ་ཤ་ཕྱིར་གཏོང་ཁེ་ལས་18དང་ཞིང་ཆེན་རིམ་པའི་གྲགས་ཅན་ཚོང་རྟགས་5ཡོད་པ་རེད།

        འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་ཆེན་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་“ཀུང་སི﹢རྟེན་གཞི﹢ཞིང་དུད﹢དྲ་ཐོག་དང་དྲ་འོག་”གི་ཚོང་གཉེར་བྱེད་སྟངས་ལ་བརྟེན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད། དེ་དང་ཆབས་ཅིག་དངུལ་ཁང་ཆེ་གྲས་ཁག་གིས་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་རོགས་རམ་བྱས་ཏེ་“ཨང་བཤེར་དངུལ་བུན”དང་“ནུས་འདུས་དངུལ་བུན་” “ཡུན་ཞིང་དངུལ་བུན“ “གྲོང་གསེབ་ཀྱི་དངུལ་བུན་”སོགས་དངུལ་རྩའི་ཐོན་རྫས་སྤྱད་དེ་བེ་ཤ་ཐོན་ལས་གཉེར་སྐྱོང་གི་གཙོ་གཟུགས་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།

        སྟབས་བདེའི་ཟོག་འགྲེམས་སྐྱེལ་འདྲེན། མྱུར་སྐྱེལ་ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་ལས་སྟེགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་ལས་བདེ་ཆེན་སེམས་ཀྱི་ཉི་ཟླའི་བེ་ཤ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་གཞི་ཁྱོན་ཆགས་ཡོད་པ་རེད། 2021ལོའི་ཟླ་8པར་རང་རྒྱལ་གྱི་བེ་ཤ་སོགས་རི་སྐྱེས་ཤ་མོ་སོགས་ཆེད་མངགས་སྐྱེལ་འདྲེན་བྱེད་པའི་མཁའ་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ་དང་2022ལོའི་ཟླ་6ཚེས་6ཉིན་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གི་ཧྲུན་ཧྥུང་ཁག་བགོས་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་ཕྱེ་བ་དང་2023ལོར་ཁུལ་སྲིད་གཞུང་དང་ཧྲུན་ཧྥུང་དབར་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བདེ་ཆེན་ཤ་མོང་གི་མངགས་སྐྱེལ་འདྲེན་བྱེད་པའི་མཁའ་ལམ་མུ་མཐུད་སྲ་བརྟན་དང་། རིམ་སྤོར། ལེགས་གཏོང་བཅས་བྱས་པ་རེད།

        ད་ཆ་བདེ་ཆེན་གྱི་བེ་ཤ་ཐོན་ལས་དེ་སྔར་ཡོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཚད་ཀྱི་ལེགས་ཆ། སྤུས་ཚད་ཀྱི་ལེགས་ཆ་བཅས་ཀྱི་རྨང་གཞིའི་ཐོག་སྤུས་རྟགས་ཀྱི་ལེགས་ཆ་དང་། ཉོ་ཚོང་ཁྲོམ་རའི་ལེགས་ཆ། ལས་ཀའི་རྨང་གཞིའི་ལེགས་ཆ་བཅས་ཀྱང་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་ལྷག་པར་དུ་ད་ལོ་ཁྱབ་བསྒྲགས་བྱས་པའི་《སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་》ཀྱིས་བེ་ཤ་ཐུན་ལས་དེ་རྩེར་སོན་ཅན་དང་སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།