བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(19)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-21   རྩོམ་ཁུངས།    中国藏族网通

        སོ་བདུན་པ། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་གང་ཡིན། 

        མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཡིན། 
        སོ་བརྒྱད་པ། “མ་ཡུམ་ཆུ་བོར”གྱུར་པའི་རྨ་ཆུ་དང་འབྲི་ཆུ་ཡིན་ན་ཡང་འདྲ་ལ། རླབས་རྒྱུན་སྔོན་མོ་གཡོ་བའི་མཚོ་སྔོན་པོ་དང་བརྗིད་ཉམས་ཆེ་བའི་ཡར་ལུང་གཙང་པོ་ཡིན་ཡང་ཆོག ལྷོ་ཆུ་བྱང་དུ་འདྲེན་པའི་དུས་རབས་ཀྱི་བཟོ་སྐྲུན་ཡིན་ན་ཡང་འདྲ་ལ། སེ་ཧན་པའེ་ནགས་རའི་ལྗང་མདོག་གི་ས་བཀྲ་ཡིན་ཡང་ཆོག  ཡུན་ནན་གྱི་གླང་ཆེན་བྱང་ལ་བསྐྱོད་ནས་ལྷོར་ལོག་པ་ཡིན་ན་ཡང་འདྲ་ལ། རི་དྭགས་གཙོད་གནས་སྤར་ནས་རྒྱུད་སྤེལ་བ་ཡིན་ན་ཡང་ཆོག གང་ལྟར་འདི་དག་ཐམས་ཅད་ཀྱིས། མིའི་རིགས་ཀྱིས་སྔོ་ལྗང་གི་རི་ལུང་མ་བཏང་ན། མཛེས་སྡུག་ལྡན་པའི་རི་ལུང་གིས་མིའི་རིགས་གཏོང་མི་སྲིད་པ་གསལ་པོར་བསྟན་ཡོད། 
        ——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གསུང་བཏུས》ལས།