གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱིས་གྲོང་གསེབ་ཀྱི་ཕྱུག་ལམ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གུར་གུམ་དང་། ཀྲུང་ལུགས་སྨན་རྒྱུ། སྟར་ཀ་བཅས་“ཐོན་ལས་ཆེན་པོ་གསུམ“ལ་དམ་འཛིན་ནན་པོ་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཡོད།

        “ཐོན་ལས་ཆེན་པོ་གསུམ་”ལ་དམ་འཛིན་ནན་པོ་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ། རྒྱལ་པོ་སྟེང་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཀྲུང་ལུགས་སྨན་རྒྱུ་དང་། གུར་གུམ། སྟར་ཀ་བཅས་“ཐོན་ལས་ཆེན་པོ་གསུམ་”ལ་དམ་འཛིན་ནན་པོ་བྱས་ཡོད། གུར་གུམ་གྱི་ཁྱད་ལྡན་ཐོན་ལས་ཡག་པོ་གཉེར་བ་དང་རྒྱལ་པོ་སྟེང་གྲོང་ཚོར་ད་ཆ་སྟར་ཀ་འདེབས་ཁྱོན་མུའུ་2500ལྷག་ཙམ་ཡོད་པ་རེད། 2020ལོ་ནས་བཟུང་རྒྱལ་པོ་སྟེང་གྲོང་ཚོས་སྟར་ཀའི་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་སྟར་ཀའི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ལག་བསྟར་བྱས་པ་རེད། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་སྟར་ཀའི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་མ་དངུལ་བཏང་ནས་སྟར་ཀ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་སྤྱད་པ་དང་འབྲེལ་ངལ་ནུས་ལས་མི་སྤྱོད་པ་དང་ས་གནས་དེ་གའི་སྟར་ཀ་ཉོ་སྒྲུབ་བྱས་པ་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་རེད།

        “དམ་འཛིན་བྱ་གཞི་གསུམ་”ལ་དམིགས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ།རྒྱལ་པོ་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན་བྱས་པ་དང་བསམ་བློ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་ཐུང་དམིགས་ཚད་དང་ཡུན་རིང་འཆར་འགོད་ཧུར་ཐག་བཟོས་པ་དང་སྣེ་འདྲེན་ཁེ་ལས་ཀྱིས་མཉམ་ལས་ཁང་དང་མཉམ་ལས་ཁང་གིས་ཞིང་དུད་དང་འབྲེལ་མཐུད་བྱེད་པའི་“བསྡམས་གཉིས་”ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་བརྒྱུད་གྲོང་མི་དང་། ཀུང་སི། མཉམ་ལས་ཁང་། གྲོང་ཚོ་བཅས་ཐུན་མོང་གི་“འཕེལ་རྒྱས་མཉམ་རྒྱལ་”མངོན་འགྱུར་བྱུང་ཡོད།

        ཐོན་ཁུངས་“རིགས་གསུམ་”ལ་གསོག་ཐེབས་བྱས་ཏེ། གྲོང་ཚོའི་ཐུན་མོང་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་ཡོང་བྱས། ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་གྲོང་ཚོའི་ཐུན་མོང་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཐོན་ལས་འཕེལ་རྒྱས་གཏོང་རིང་གྲོང་ཚོའི་ཏང་ཀྲི་པུས་གནམ་གཤིས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱས་པ་དང་། ས་ཆའི་ཐོན་ཁུངས་ཕན་སྒྱུར་ནུས་ལྡན་བྱས་པ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་གླ་པ་རྒྱུག་པའི་གནད་དོན་སྔོན་ལ་ཐག་གཅོད་བྱས་པ། ཕྱོགས་མང་པོའི་ཐད་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཕན་སྒྱུར་ནུས་ལྡན་ཐུབ་པ་བཅས་བྱུང་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱས་པ་རེད།