བདེ་ཆེན་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྩྭ་ཐང་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་སྲུང་སྐྱོང་དོ་དམ་ལམ་སྲོལ་སྔར་བས་མཐུན་སྦྱོར་ཡོང་བ་བྱས་པ་དང་རྫོང་(གྲོང་ཁྱེར)ཁག་གི་རྩྭ་ཐང་དོ་དམ་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་རེད།
        རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་བརྟན་པོའི་ངང་སྤེལ་བ། བདེ་ཆེན་ཁུལ་གྱིས་ཡུན་ནན་ཞིང་ཆེན་གྱི་ལོ་རེའི་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་པའི་ལག་བསྟར་ཇུས་གཞི་གཞིར་བཟུང་རྫོང་(གྲོང་ཁྱེར་)གསུམ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྩྭ་ཐང་སྔོ་ལོག་དུས་དང་། སྐྱེས་བཟང་བའི་དུས། སྐམ་ཤས་ཆེ་བའི་དུས་སྐབས་བཅས་ལ་ལྟ་ཞིབ་ཚད་ལེན་བྱས་པ།2022ལོའི་ཟླ་5པ་ནས་བཟུང་རྩྭ་ཐང་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱ་ཆེད་རྫོང་(གྲོང་ཁྱེར)ཁག་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་ལེགས་སྒྲིག་གསུམ་གྱི་རྩྭ་ཐང་གྲངས་གཞིར་དམིགས་ནས་རྩྭ་ཐང་གི་གཞི་རྩའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ཐང་གི་སྣོད་བཅུད་གནས་ཚུལ་ལ་དཔྱད་དཔོག་དང་རྩྭ་ཐང་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་དང་བེད་སྤྱོད་ལུགས་མཐུན་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་རེད།
        དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྩྭ་ཐང་གི་སྣོད་བཅུད་སླར་གསོ་བཅོས་སྐྱོང་འཛུགས་སྐྲུན་རྣམ་གྲངས་སྤེལ་བ། བདེ་ཆེན་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འབྲེལ་ཡོད་སྒྲིག་གཞིའི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཏེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་པ་རེད། རྣམ་གྲངས་ཀྱི་ཁྲིམས་མིའི་འགན་འཁྲིའི་ལམ་ལུགས་དང་། འོས་སྐུལ་འོས་དཔོད་ལམ་ལུགས། གན་རྒྱའི་ལམ་ལུགས། རྣམ་གྲངས་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་དོན་འཁྱོལ་ནན་པོ་བྱས་ཏེ་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གལ་ཆེའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་གལ་ཆེའི་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར) 》བཟོས་ནས་བཏོན་པ་དང་ཨར་ལས་རེའུ་མིག་བཟོས་ནས་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་བཙུགས་པ་དང་། རྫོང་(གྲོང་ཁྱེར)གསུམ་གྱིས་རྩྭ་ཐང་ར་སྐོར་འཛུགས་སྐྲུན་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ཞན་འགྱུར་རྩྭ་ཐང་ལེགས་བཅོས། དུག་སྐྱོན་རྩྭ་བཅོས་བཅས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་པ། སྔོན་དཔག་བྱས་ན་2023ལོར་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་མུའུ་ཁྲི་262.65ལེགས་འགྲུབ་བྱ་རྒྱུ་རེད།
        ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ། བདེ་ཆེན་ཁུལ་གྱིས་“རྩྭ་ཐང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཟླ་བའི་”བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཤང་གྲོང་ཁག་ཏུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་》དང་ 《རྩྭ་ཕྱུགས་དོ་སྙོམས་དོ་དམ་བྱ་ཐབས》《རྩྭ་ཐང་གི་ཕྱུགས་བཀག་དོ་དམ་བྱ་ཐབས》《གྲོང་ཚོ་རིམ་པའི་རྩྭ་ཐང་དོ་དམ་སྲུང་སྐྱོང་པའི་དོ་དམ་བྱ་ཐབས》《རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་དཔྱད་ཞིབ་དོ་དམ་བྱ་ཐབས་》སོགས་རྩྭ་ཐང་དོ་དམ་ལམ་ལུགས་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཁ་གསབ་སྤྲད་དེ་མང་ཚོགས་ཀྱིས་རྩྭ་ཐང་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་བ་རེད། རྩྭ་ཐང་གི་ཁྲིམས་འགལ་སྣང་ཚུལ་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དབྱར་སྟོན་དུས་སུ་ཕྱུགས་འཚོ་བ་དང་དགུན་དཔྱིད་དུས་སུ་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་ཁྱབ་གདལ་བཏང་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་འགན་ལེན་ཤུགས་ཆེན་བྱེད་དགོས།