མཉམ་བསྲེས་བྱ་མི་རུང་བའི་ཟས་རིགས་ཁག་ཅིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-18   རྩོམ་ཁུངས།    西藏日报藏文媒体

        སྒོ་ང་རྔོ་བའི་སྐབས་སུ་ཤ་སྨན་ཝུའེ་ཅིང་རྒྱག་མི་རུང་། རྒྱུ་མཚན་ནི་སྒོ་ངར་ཤ་སྨན་ཝུའེ་ཅིང་གི་བྲོ་བ་སླེབས་པའི་གཞི་རྒྱུ་ཀུ་ཨན་སོན་ཟེར་བ་དེ་ལྡན་ཡོད་པར་བརྟེན། སྒོ་ངར་ཤ་སྨན་ཝུའེ་ཅིང་བརྒྱབ་ན་སྒོ་ངའི་དམར་དྲི་ཤུགས་ཆེ་རུ་ཕྱིན་ནས་སྒོ་ངའི་བྲོ་བ་འགྱུར་སྲིད།

        ཁག་འཕེལ་དང་ཨ་རག་གཉིས་ཕན་ཚུན་བསྲེས་མི་རུང་།  ཁག་འཕེལ་དང་ཨ་རག་གཉིས་ཕན་ཚུན་བསྲེས་ན་ཨ་རག་གི་ཉིང་ཁུར་མིའི་ལུས་པོར་ངར་སློང་བའི་ནུས་པ་ལྡན་ཡོད་པ་དང་། དེ་མིན་ཁག་འཕེལ་གྱི་ཁག་འཕེལ་དབྱིན་ཟེར་བའི་གཞི་རྒྱུ་དེའང་མིའི་ལུས་སེམས་ལ་ངར་སློང་བའི་ནུས་པ་ཡོད་པར་བརྟེན། གལ་སྲིད་ཟས་རིགས་དེ་གཉིས་ཕན་ཚུན་བསྲེས་ན་མིའི་ལུས་ཁམས་ལ་གནོད་སྐྱོན་བཟོ་གི་ཡོད་པས་ཟས་རིགས་དེ་གཉིས་རྩ་བ་ནས་མཉམ་དུ་བཟའ་མི་རུང་།