གངས་དཀར་རྟགས་མའི་རྐང་གྲུག་འགྲན་སྡུར་ལས་ཀན་ལྷོ་རྒྱལ་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-18   རྩོམ་ཁུངས།    康巴传媒

        སྤྱི་ཟླ7པའི་ཚེས15ཉིན་གྱི་ཕྱི་དྲོར། ཀུན་གྱིས་རེ་སྒུག་བྱེད་པའི2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུའི་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་དེ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་བ་དང་། དུས་ཡུན་གཟའ་འཁོར་གཅིག་གི་འགྲན་བསྡུར་སྤེལ་རྗེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་འཐུས་མི་རུ་ཁག་གིས2:1གིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལས་རྒྱལ་ཏེ་གངས་དཀར་རྟགས་མའི་རྐང་གྲུག་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་ཐོབ།

        འགྲན་བསྡུར་མཇུག་འགྲིལ་རྗེས་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་ནས་ཨང་དང་པོ་ཐོབ་མཁན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འཐུས་མི་རུ་ཁག་དང་། ཨང་གཉིས་པ་ཐོབ་མཁན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཐུས་མི་རུ་ཁག། ཨང་གསུམ་པ་ཐོབ་མཁན་སི་ཁྲོན་རྔ་བ་ཁུལ་འཐུས་མི་རུ་ཁག་བཅས་ལ་བྱ་དགའ་སྤྲད་པར་མ་ཟད། རྣམ་གྲངས་རྐྱང་པའི་བྱ་དགའ་ཡང་སྤྲད་པ་རེད།