ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“ཞིང་ལས་+ཡུལ་སྐོར་”གྲོང་གསེབ་ཀྱི་དཔལ་འབྱོར་ལས་རྣམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྣོད་བཅུད་རོལ་རྩེད་དང་། ལྟ་སྐོར་ཞིང་ལས་སོགས་ཁྱད་ལྡན་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་གཙོ་གནད་དུ་གསོ་སྐྱོང་བྱས་ནས་ཞིང་དུད་ཀྱི་སྒོ་འགྲམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་གཏོང་ཐུབ་པ་བྱས་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོས་ནགས་ཕག་མཚོའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཡུངས་དཀར་མེ་ཏོག་གི་“སྤྱན་གཟིགས”་དང་"་ཟས་སྤྱོད"་ཀྱི་སྤྱོད་མང་རིན་ཐང་སྔོག་འདོན་གང་ལེགས་བྱས་ནས་“ཡུངས་དཀར་འདེབས་འཛུགས་+ཡུལ་སྐོར་ལྟ་སྐོར་”གྱི་རྣམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྣོད་བཅུད་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཡུལ་སྐོར་མཉམ་འདྲེས་དང་། ཞིང་ལས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་དེ་སྔ་གྲོང་ཚོའི་ནང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཅིངས་འགྲོལ་གྲོང་ཚོའི་མཐའ་འཁོར་གྱི་ས་ཞིང་ཕལ་ཆེར་འཁོར་རྒྱུག་བྱས་རྗེས་དུས་ཚིགས་ལྡོག་པའི་སྔོ་ཚལ་འདེབས་འཛུགས་བྱས་པ། ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོ་འདམ་རའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་དང་ཞིང་ལས་ཡུལ་སྐོར་འཕེལ་རྒྱས་འགན་ལེན་བྱ་ཆེད་བཅིངས་འགྲོལ་གྲོང་ཚོས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཟོ་སྲིད་པ་དང་སྤྱི་ཡོངས་ཀྱི་མཛེས་ལྗོངས་ཕན་འབྲས་ཅུང་ཞན་པའི་ཞིང་ལས་ལོ་ཏོག་མཐའ་གཅིག་ཏུ་མེད་པ་བཟོས་ནས་གྲོང་མི་དང་འབྲེལ་གཏུག་སྤེལ་རེས་བྱས་རྗེས་ཡུངས་དཀར་མེ་ཏོག་དང་ཞོག་ཁོག་སོགས་མཛེས་ལྗོངས་ཀྱི་ཕན་འབྲས་ཐོན་ཐུབ་པའི་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱས་པ་དང་ད་ཆ་བཅིངས་འགྲོལ་གྲོང་ཚོའི་ནགས་ཕག་མཚོའི་མཐའ་འཁོར་དུ་ཡུངས་དཀར་མུའུ་800ལྷག་ཙམ་འདེབས་འཛུགས་བྱས་ཡོད།སྟོན་དུས་ཡུངས་དཀར་གཏོར་ནས་སྣུམ་དུ་བསྒྱུར་རྗེས་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པར་བསྐྱོད་པའི་ལག་རྟགས་སུ་བྱས་པ་དང་ཡུངས་དཀར་དབྱུག་པ་ཡང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱད་ཆོག་པ་རེད།

        དེ་དང་ཆབས་ཅིག་ཡུངས་དཀར་མེ་ཏོག་གི་རྒྱ་མཚོ་ཆགས་པ་དེས་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཅིངས་འགྲོལ་གྲོང་ཚོའི་རྟ་བཞོན་ཁྲོམ་ར་རྒྱ་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ནགས་ཕག་མཚོར་རྩེད་མོ་རྩེ་བར་ཡོང་མཁན་མགྲོན་པོ་མང་པོ་ཞིག་གིས་ཡུངས་དཀར་མེ་ཏོག་རྒྱ་ཆེན་པོ་མཐོང་རྗེས་རྟ་ར་བར་རྟ་གཅིག་བདམས་ནས་རྟ་ཐོག་ཏུ་ཡུངས་དཀར་མེ་ཏོག་གི་མཛེས་སྡུག་ལ་རོལ་མྱོང་བྱེད་ཀྱི་ཡོད།

        བཅིངས་འགྲོལ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཚུལ་ཁྲིམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་མིག་སྔར་བཅིངས་འགྲོལ་གྲོང་ཚོའི་རྟ་ར་བར་ཞུགས་མཁན་ཞིང་དུད་ཁྱོན་དུད་ཚང་327དང་མི་གྲངས་1839ཡོད་པ་དང་ལོ་ལྟར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3ཟིན་གྱི་ཡོད་པ་དེའི་ནང་མང་ཤོས་ལ་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་6ཡས་མས་ཟིན་གྱི་ཡོད། གསར་འགོད་པས་བཅིངས་འགྲོལ་གྲོང་ཚོར་ཡུལ་སྐོར་བ་ཚོས་རྟ་བཞོན་ནས་ཞིང་ནང་དུ་འཆམ་འཆམ་དུ་འགྲོ་བ་དང་མེ་ཏོག་གི་རྒྱ་མཚོ་དང་ཞིང་སྡེའི་མཛེས་ལྗོངས་ལོངས་སུ་སྤྱོད་བཞིན་ཡོད་པ་མཐོང་བྱུང་།“རྟ་བཞོན་ནས་རྩྭ་ཐང་ལ་ལྟ་ཐུབ་པ་མ་ཟད་ད་དུང་མེ་ཏོག་གི་རྒྱ་མཚོར་འཆམ་འཆམ་དུ་འགྲོ་ཐུབ་པ་ཉམས་ཞིབ་དེ་དངོས་གནས་ཡག་པོ་འདུག་”ཅེས་ཧྲན་ཏུང་ནས་ཡོང་བའི་ཡུལ་སྐོར་བ་ཀྲའོ་རན་གྱིས་ད་ལྟར་བཤད།