བདེ་ཆེན་ཁུལ་གྱི་རྩ་ཆེའི་ཐང་ག་སྲུང་སྐྱོང་དང་ཉམས་གསོ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཉེ་ཆར། བདེ་ཆེན་ཁུལ་རྟེན་རྫས་བཤམས་སྟོན་ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་ཐང་ག་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཀྱི་དུས་དཀྱིལ་དཔྱད་དཔག་ཚོགས་འདུ་ཡུན་ནན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་འཚོགས་ཤིང་། ཐང་ག་ཉམས་གསོའི་རྣམ་གྲངས་དེ་ཡུན་ནན་ཞིང་ཆེན་ནང་ཁུལ་ནས་ཐོག་དང་བོ་ཡིན་པ་རེད། བདེ་ཆེན་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཐང་ག་48ཡོད་ལ། དེའི་ནང་ཆིང་རྒྱལ་རབས་ཀྱི་ཐང་ག་22དང་དེང་རབས་ཀྱི་ཐང་ག་26ཡོད། ཐེངས་འདིའི་རྣམ་གྲངས་ཐང་ག་12སྲུང་སྐྱོང་ཉམས་གསོ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་རེད།

    ཚོགས་ཞུགས་ཆེད་མཁས་པས་ཉམས་གསོའི་ཕན་འབྲས་གཞི་རྩའི་ཆ་ནས་སྔོན་དཔག་དམིགས་ཚད་དུ་སླེབས་ཡོད་ལ། རྣམ་གྲངས་ཉམས་གསོའི་ལག་རྩལ་ལམ་ཐིག་ལུགས་མཐུན་ཡིན་པ་རེད། ཉམས་གསོའི་བཟོ་རྩལ་དང་ཉམས་གསོའི་རྒྱུ་ཆ་བེད་སྤྱོད་འོས་འཚམ་ཡིན། ཡིག་ཚགས་ཀྱི་དཔྱད་ཡིག་ཅུང་འཐུས་སྒོ་ཚང་ལ། དུས་མཚུངས་སུ་རྗེས་མཐུད་ཀྱི་ཉར་ཚགས་ཁོར་ཡུག་དང་ཡིག་ཚགས་ཀྱི་ཚད་ལྡན་རང་བཞིན་ལ་གྲོས་འགོ་བཏོན་ལ།  རྗེས་ཕྱོགས་ཀྱི་སྲུང་སྐྱོང་ཉམས་གསོ་བྱེད་པའི་ལས་དོན་ཐད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་། ལས་རིགས་ཀྱི་ལག་རྩལ་ཚད་གཞི། དེ་བཞིན་ཡུན་ནན་ཞིང་ཆེན་རིག་དངོས་ཅུས་ཀྱི་མཆན་བཀོད་བཀའ་ལན་གྱི་བླང་བྱ་བཅས་ལ་མུ་མཐུད་ལ། བརྩི་སྲུང་ནན་པོ་ཞུ་བ་དང་སྒྲིག་འཛུགས་ལག་བསྟར་ནན་ཏན། ཚད་ལྡན་ཅན་གྱི་དོ་དམ་བཅས་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    དེ་ཕྱིན་བདེ་ཆེན་ཁུལ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་དོ་དམ་དང་། ཞིབ་འཇུག་གཏིང་ཟབ། བེད་སྤྱོད་ནུས་ལྡན་བཅས་བྱས་ཏེ་རིག་དངོས་གསོན་ཤུགས་ལྡན་པ་དང་བེད་སྤྱོད་གཏོང་རྒྱུ་ཐབས་ལམ་དུ་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།