བློ་བཟང་ཤེས་རབ་ཀྱིས་ཞིང་ཆེན་ནས་བྱ་དགའ་ཨང་དང་པོ་བླངས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་7ཚེས་11ཉིན་གྱི་དགོང་མོའི་ཆུ་ཚོད་20:00པར“མེ་ཏོག་བཞད་ནས་བཀྲག་མདངས་འཚེར་བའི་ཡུན་ནན།སྐབས་དགུ་པའི་ཡུན་ནན་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་སྤྲོད་པའི་མཚན་ཚོགས་”ཡུན་ནན་ཞིང་ཆེན་ཟློས་གར་ཁང་ཆེ་མོར་འཚོགས་ཤིང་། བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་བློ་བཟང་ཤེས་རབ་ལ“སྐབས་དགུ་པའི་ཡུན་ནན་རྩོམ་རིག་སྒྱུ་རྩལ་བྱ་དགའ། དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ”ཐོབ་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན།2023ཡུན་ནན་གྱི་དམངས་གཞས་འགྲེམས་འཁྲབ་དང་ཡུན་ནན་གྱི་སྐབས་དགུ་བའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་འམ་ཡུན་ནན་དམངས་ཁྲོད་རིག་རྩལ་བྱ་དགའ(དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་དགའ)དཔྱད་བསྡུར་བྱ་དགའི་བྱེད་སྒོ་ཟླ་6ཚེས་5ཉིན་གྱི་དགོང་མོར་ཡུན་ནན་སྒྱུ་རྩལ་ཚོམས་ཆེན་དུ་གཉེར་ཞིང་། ཡུན་ནན་ཞིང་ཆེན་ཁུལ་དང་གྲོང་ཁྱེར་11གིས་བདམས་པའི་དམངས་གཞས་བརྩམས་ཆོས་15རེ་རེ་བཞིན་གར་སྟེགས་སུ་འགྲེམས་སྟོན་བྱས་ཏེ། ལྟད་མོ་བར་སྒྱུ་རྩལ་གྱི་རྒྱས་སྟོན་ཞིག་བཤམས་པ་རེད། 

    བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་གླུ་དབྱངས་འཁྲབ་སྟོན་པ་བློ་བཟང་ཤེས་རབ་ཀྱིས་བོད་རིགས་ཀྱི་སྲོལ་རྒྱུན་དམངས་གཞས་ལ་བརྟེན་ནས《ཐ་ལ》ཞེས་པ་འགྲེམས་འཁྲབ་ནང་ཞུགས་པ་རེད། ཟླ་6ཚེས་15ཉིན་ཡུན་ནན་རྩོམ་རིག་སྒྱུ་རྩལ་བྱ་དགའ(ཡུན་ནན་དམངས་ཁྲོད་རིག་རྩལ་བྱ་དགའ)དཔྱད་བསྡུར་ལག་བསྟར་ཨུ་ལྷན་གྱིས་བྱ་དགའ་ཐོབ་རྒྱུའི་བརྩམས་ཆོས་ཁྱབ་བསྒྲགས་བྱས་ཤིང་། ཁུལ་གླུ་གར་ཚོགས་པའི་བློ་བཟང་ཤེས་རབ་ལ་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འགྲེམས་འཁྲབ་བྱེད་སྒོ་དེ་ཡུན་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཡུན་ནན་ཞིང་ཆེན་མི་རིགས་ཁག་གི་དམངས་གཞས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དམངས་གཞས་སྒྱུ་རྩལ་དེང་རབས་ཀྱི་ཁྱབ་སྤེལ་དང་རྒྱུན་འཛིན་ལ་སྐུལ་འདེད་བཏང་ནས། ཡུན་ནན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། ད་ཐེངས་ཀྱི་འགྲེམས་འཁྲབ་ནང་ཞུགས་པའི་ལེ་ཚན་ཚང་མར་སྲོལ་རྒྱུན་གྱི་རོལ་ཆ་དཀྲོལ་བའམ་ཡང་ན་གཙང་དཀྲོལ་གྱི་རྣམ་པ་སྤྱད་དེ་སྲོལ་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་དམངས་གཞས་ཀྱི་སྔར་ཡོད་རྣམ་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སླར་ཡང་མངོན་པར་བྱ་རྒྱུ་རེད།