བདེ་ཆེན་ཁུལ་གྱིས་མི་རིགས་གྲོང་ཚོའི་ཡུལ་སྐོར་ལས་དོན་གྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ད་ལོ་ནས་བཟུང་བདེ་ཆེན་ཁུལ་གྱིས《ཡུན་ནན་ཞིང་ཆེན་གྱི་མི་རིགས་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་འདུ་འགོད་ཀྱི་ལོ་གསུམ་བྱ་འགུལ(2023ལོ་ནས་2025ལོ་བར)》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཤུགས་སྣོན་བཞི”དམ་འཛིན་བྱ་གཞིར་བྱས་ནས་མི་རིགས་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་།    

ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།     ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《བདེ་ཆེན་ཁུལ་མི་རིགས་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་འདུ་འགོད་ཀྱི་ལོ་གསུམ་བྱ་འགུལ(2023ལོ་ནས་2025ལོ་བར)》སྣེ་འཁྲིད་དེ་འཆར་ཟིན་བཀོད་ནས་བཟོས་པ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་རྗེས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་།  ཁུལ་རིག་གནས་དང་ཡུལ་སྐོར་ཅུས།  ཁུལ་གྲོང་གསེབ་དར་རྒྱས་ཅུས་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་ལག་བསྟར་བྱས་ཏེ་མི་རིགས་གྲོང་སྡེའི་ཡུལ་སྐོར་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་པ་རེད།    

    འདེམས་གནས་ཐོ་འགོད་བྱེད་པར་ཤུགས་སྣོན་བརྒྱབ་པ།   ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས《ཁག་དང་པོའི(2023ལོ)མི་རིགས་གྲོང་ཚོའི་ཡུལ་སྐོར་མིང་ཐོ་གདམ་གསེས་འོས་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་ནས་བདེ་ཆེན་ཁུལ་གྱིས་མི་རིགས་གྲོང་ཚོའི་ཡུལ་སྐོར་མིང་ཐོ་གདམ་གསེས་འོས་སྦྱོར་ལས་དོན་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་བ་དང་འབྲེལ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཁག་དང་པོའི(2023ལོ)མི་རིགས་གྲོང་ཚོའི་ཡུལ་སྐོར་དཔེ་སྟོན་གྲོང་སྡེའི་འདེམས་ཐོ་འགོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།    

    མཐོ་ས་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ།    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་དོན་ཁག་སྔོན་ཐོན་བརྩོན་ལེན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་བདེ་ཆེན་ཁུལ་གྱི་ཁག་དང་པོའི(2023ལོའི་ལོ་འཁོར)མི་རིགས་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་མིང་ཐོའི་ནང་གི་དཔེ་སྟོན་གྲོང་ཚོ་24ཡི་འཛུགས་སྐྲུན་རྣམ་གྲངས་ནང་གི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལག་བསྟར་བྱས་པའི“བརྒྱ་སྟོང་ཁྲིའི”སྤུས་ལེགས་དཔེ་སྟོན་གྲོང་ཚོ་དང་།  མི་རིགས་ཆོས་ལུགས་སྡེ་ཚན་གྱིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བཅུ་བརྒྱ་སྟོང་ཁྲི”དཔེ་སྟོན་སྣེ་ཁྲིད་དཔེ་སྟོན་གྲོང་ཚོ།  རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ལྡན་དཔེ་སྟོན་གྲོང་ཚོ།    ཡུལ་སྐོར་གྲོང་ཚོ་གྲགས་ཅན་སོགས་ཀྱི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།   

མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།    དམིགས་སར་འབྱོར་བའི་མི་རིགས་གྲོང་ཚོའི་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ཀྱི་མ་དངུལ་རྫོང་རིམ་པའི་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་རྣམ་གྲངས་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་རྗེས་འདེད་དང་། མ་དངུལ་བེད་སྤྱོད་ཀྱི་འཕེལ་རིམ་ཁོང་དུ་ཆུད་པ།  གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བཅས་བྱས་པ་དང་འབྲེལ་མ་དངུལ་དོ་དམ་བེད་སྤྱོད་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།  

    ཤེས་རྟོགས་བྱུང་བར་གཞིགས་ན།  གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་འབྲེལ་མཐུད་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།  རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།  རིམ་ཁག་སྡེ་ཚན་ཁག་གི་འགན་འཁྲི་ནན་དུ་གཏོང་བ།  ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་པ།  རང་འགུལ་ངང་བྱ་འགུལ་སྤེལ་བ།  དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་རིགས་གྲོང་ཚོའི་ཡུལ་སྐོར་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།   《ཡུན་ནན་ཞིང་ཆེན་གྱི་མི་རིགས་གྲོང་སྡེའི་ཡུལ་སྐོར་རིམ་སྤོར་འདུ་འགོད་ཀྱི་ལོ་གསུམ་བྱ་འགུལ(2023ལོ་ནས་2025ལོ་བར)》ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་།  ལོ་གསུམ་གྱི་འབད་བརྩོན་བྱས་པ་བརྒྱུད་དེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཕན་འབྲས་མངོན་གསལ་དོད་པའི་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེའི་ཁྲོད་དུ་ཁྱད་ལྡན་ཡུལ་སྐོར་ལ་བརྟེན་ནས་མི་རིགས་གྲོང་ཚོ་ཁག་གཅིག་བསྐྲུན་ཏེ་ཁྱད་ཆོས་ལྡན་པ་དང་།  སྤུས་ཀ་ལེགས་པ།  སྣེ་ཁྲིད་ལེགས་པ་བཅས་ཀྱི་གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་ཁག་གཅིག་བཏོད་ནས་མི་རིགས་གྲོང་སྡེའི་ཡུལ་སྐོར་ལས་རིགས་དེ་མི་རིགས་ཁག་གི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དམ་འཛིན་བྱ་གཞིར་གྱུར་ནས་ཐུན་མོང་ཐོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྒུལ་ཤུགས་གལ་ཆེན་ཞིག་གཏོད་རྒྱུ་ཡིན་པ་རེད།