རབ་ཏུ་མཛེས་པའི་ཡར་ཉང་བརླན་ས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

9.jpg

    ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་སྔོན་ཆད་ཐང་རྒོད་ཅིག་ཡིན་ཡང་། ད་ལྟ་བྱེ་གླིང་དང་ལྗོན་ཤིང་གིས་ཁེབས་པས་གསོན་ཤུགས་ལྡན་པ་མ་ཟད། མཐོ་སྒང་གི་སྐྱེ་ཁམས་མཛེས་ལྗོངས་མངོན་ཡོད། 

11.jpg

    ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་གནམ་སྔོན་པོ་དང་མཚོ་གཉིས་མཉམ་དུ་འདྲེས་ཤིང་འདབ་ཆགས་ཀྱི་ཁྱུ་ཚོགས་མཚོ་ངོས་སུ་ལྡིང་སྐོར་རྒྱག་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་རྒྱལ་ཁབ་བརླན་སའི་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན།


    ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོ་དང་ཉང་ཆུ་འདུས་སར་གནས་ཤིང་བརླན་སའི་སྤྱི་གླིང་གི་ཆུ་ངོས་ས་བབ་སྨི2920ཟིན་ཡོད། རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ་ཡིས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད།

13.jpg

    ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནང་དུ་རི་སྐྱེས་ཤིང་པད་མ་སེར་པོ་རབ་ཏུ་བཞད་པ་དང་། བརླས་སའི་ནང་དུ་སྐྱེ་དངོས་སྣ་མང་ཡོད་པ་མ་ཟད། 30%ཡན་གྱི་སྐྱེ་དངོས་རིགས་བོད་ལྗོངས་ཁོ་ན་རུ་མ་གཏོགས་མེད།

14.jpg

    ཡུལ་སྐོར་བས་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལྗོངས་གཟིགས་སྟེགས་བུ་སྟེང་ནས་མཐོ་སྒང་གི་རྔམ་བརྗིད་ལྡན་པའི་མཛེས་ལྗོངས་ལ་གཟིགས་ཤིང་། ཉེ་བའི་ལོ་ཤས་རིང་ལ་ས་གནས་མང་ཚོགས་ཀྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ནུས་ཤུགས་ལ་བརྟེན་ནས་ཡུལ་སྐོར་དར་བ་མ་ཟད་ཡོང་འབབ་ཀྱང་འཕར་ཡོད།

15.jpg

    ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཆེས་མཛེས་པའི་ལྗོངས་གཟིགས་བགྲོད་ལམ་ཆེན་མོ་སྟེ་བོད་ལྗོངས་ཉིང་ཁྲི་སྨན་གླིང་གནམ་ཐང་མཐོ་རིམ་གཞུང་ལམ་གཟིགས་ཚེ་དེའི་ཡུལ་ལྗོངས་ནི་ལྟ་བས་མི་ངོམ་པ་ཞིག་ཡིན། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་ཆས་དང་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  །