སིལ་ཏག་དམར་པོ་དང་ཀ་ར་ནག་པོ་གཉིས་ནི་ཁྲག་གསོ་བའི་ཟས་མཆོག་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སིལ་ཏག་དམར་པོ་དང་ཀ་ར་ནག་པོ་གཉིས་ནི་ཁྲག་གསོ་བའི་ཟས་མཆོག་ཡིན་ནམ། 
    དྲིས་ལན་ནི། དེ་གཉིས་ཀྱི་ཁྲག་གསོ་མི་ཐུབ།
    གལ་ཏེ་ཁྲག་གསོ་དགོས་ན། གཞི་རྒྱུ་ལྕགས་ཁ་གསབ་བྱེད་དགོས་པ་དང་། ལྕགས་ནི་ལུས་ཕུང་གི་ཁྲག་དམར་སྤྲི་དཀར་བཟོ་བའི་མ་རྒྱུ་གཙོ་བོ་ཡིན། སིལ་ཏོག་དམར་པོ་དང་ཀ་ན་ནག་པོའི་བྱེད་ནུས་ཅུང་ཆུང་།
    རྒྱུ་མཚན་ནི་ཀ་ར་ནག་པོ་དང་སིལ་ཏོག་དམར་པོའི་ལྕགས་འདུས་ཚད་མི་མཐོ་ལ། དམར་ཟས་ཁྲོད་ཀྱི་ཕག་མཆིན་དང་དེ་མཆིན་དང་བསྡུར་ན། ཀ་ར་ནག་པོ་དང་སིལ་ཏོག་དམར་པོའི་ལྕགས་འདུས་ཚད་ཧ་ཅང་དམའ།མི་ལུས་ཀྱིས་ཟས་འདི་གཉིས་ཁྲོད་ཀྱི་ལྕགས་བསྡུ་ལེན་བྱེད་ཚད་ཅུང་དམའ།
དེར་བརྟེན། སིལ་ཏོག་དམར་པོ་དང་ཀ་ར་ནག་པོ་ནི་ཁྲག་གསོའི་ཟས་མཆོག་མིན་ལ། ཁྲག་གསོ་དགོས་ན། སྲོག་ཆགས་ཀྱི་ཁྲག་དང་ནང་ཁྲོལ་ཟས་ན་དེ་ལས་བཟང་ངོ་།  །