རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། ཚ་ཆུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཚ་ཆུང་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་བཅུ་གཅིག་པ་ཡིན་ལ། རྒྱ་སྐད་ནང་དུ་“ཧྲུའུ”ཟེར་བ་ནི་ཚ་བ་ཆེ་བའི་ནང་དོན་ཡིན། ཚ་ཆུང་ནི་ལོ་གཅིག་ནང་ཚ་བ་ཆེ་ཤོས་ཀྱི་དུས་ཚིགས་ཤིག་མིན་ཡང་། འོན་ཀྱང་དེར་མཐུད་པ་ནི་ལོ་གཅིག་ནང་དུ་ཚ་བ་ཆེ་ཤོས་ཀྱི་དུས་ཚིགས་ཚ་ཆེན་ཡིན་པ་རེད། ཀྲུང་གོ་ནི་ཚ་ཆུང་ནས་བཟུང་འབྲུག་གྲགས་པ་ཆེས་མང་བའི་དུས་ཚིགས་སུ་སླེབས་པ་ཡིན་ལ། ཚ་ཆུང་དུས་ཚིགས་འདིར་ཉི་འོད་ཚ་དྲག་པ་དང་དྲོད་ཚད་མཐོ་ལ་བརླན་གཤེར་ཆེ་བས་ཆར་བ་མོད་པོ་ཡོད། འོན་ཀྱང་ཞིང་ལས་ལོ་ཏོག་ལ་མཚོན་ནས་ཆར་ཆུ་དང་ཚ་བ་དོ་མཉམ་ཡོད་ན་ལོ་ཏོག་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།