སེམས་ཀྱི་ཉི་ཟླ་འཆད་སྟེགས་ཀྱི་སྒོ་བྱང་བཀལ་ལ་སྐབས་དང་པོའི་གླེང་སྟེགས་འགོ་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-06   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་5ཉིན། བདེ་ཆེན་ཁུལ་སྲིད་གྲོས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པ། བདེ་ཆེན་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་སྒོ་བྱང་བཀལ་བ་དང་སྐབས་དང་པོའི་གླེང་སྟེགས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས་པ།

图片

        རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་དང་། སྲིད་གྲོས་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆི་དགྲ་ལྷ་བྱེད་སྒོར་ཞུགས་པ་མ་ཟད་བརྗོད་བྱ་གཙོ་བོའི་གཏམ་བཤད་གནང་བ། ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥེན་དང་ཀྲུང་གོའི་སྨྱུག་ཚོགས་ལྟེ་གནས་ཀྱི་ཚོགས་གཙོ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་གྱིས་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ལ་སྒོ་བྱང་བཀལ་བ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་མི་རིགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་ཀྱིས་འཆད་སྟེགས་ལ་འཆད་ཁྲིད་གནང་བ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀེང་ཧྲེང་བྱེད་སྒོར་ཞུགས་པ།  ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་མི་རིགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པའི་དེ་སྔའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ཀྱིས་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ངོ་སྤྲོད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ།

图片

        ཆི་དགྲ་ལྷ་ཡིས་"ཁྲི་སྟོང་འདུ་འགོད་"ཀྱི་བློ་སྒོ་འབྱེད་པའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་ས་མཐོའི་ཁྱད་ལྡན་དཔལ་འབྱོར་སྒུལ་བྱེད་འཕྲུལ་འཁོར་དུ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་བྱ་གཙོ་བོའི་གཏམ་བཤད་གནང་དུས། བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཡུན་ནན་ཞིང་ཨུ་ཡིས་བཏོན་པའི་ཐོན་ལས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་བསམ་ཕྱོགས་ལྟར། ཐོན་ལས་བཀོད་སྒྲིག་དང་། བར་སྟོང་བཀོད་སྒྲིག ཤེས་ལྡན་མི་སྣ་གསོ་སྐྱོང་། དངོས་ཟོག་སྐྱེལ་འདྲེན་མ་ལག་སོགས་ཐད་ཀྱི་འགག་གནད་ཤར་གཏོང་ཐུབ་པ་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། "ཁྲི་སྟོང་འདུ་འགོད་"ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ལ་བརྟེན་ནས་"བརྗིད་ཆགས་མཛེས་སྡུག་ལྡན་པའི་བདེ་ཆེན"དང་"ངོ་མཚར་མཛེས་སྡུག་ལྡན་པའི་བདེ་ཆེན" "འབྱོར་ཕྱུག་མཛེས་སྡུག་ལྡན་པའི་བདེ་ཆེན" "ལྷད་མེད་མཛེས་སྡུག་ལྡན་པའི་བདེ་ཆེན""བདེ་སྐྱིད་མཛེས་སྡུག་ལྡན་པའི་བདེ་ཆེན" "མཛེས་པོ་ཡོང་བའི་བདེ་ཆེན་"བཅས་ནང་དོན་གཙོ་བོར་བྱས་ཏེ། སེམས་ཀྱི་ཉི་ཟླ་དང་རང་བྱུང་ཁམས་ཞི་མཐུན་དང་མི་དང་མིའི་དབར་ཞི་མཐུན་ཡོང་བ་བྱེད་པ་དང་། རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་འཚམ་པའི་དུས་རབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ལེགས་ལྡན་ཐོན་ལས་འཕེལ་རྒྱས་ནུས་ལྡན་བཏང་ནས་ཞིང་ལས་དང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་དང་རི་སྐྱེས་ཤ་མོའི་རིགས་དང་རྒུན་ཆང་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

图片

        དོན་འགྲུབ་དབང་འབུམ་གྱིས་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ལ་འཆད་ཁྲིད་གནང་སྐབས། སེམས་ཀྱི་ཉི་ཟླའི་རང་བྱུང་སྣོད་བཅུད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་བྱུང་མཛེས་པ་རྨང་གཞིར་བྱས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་པ་དང་། ལོ་རྒྱུས་ཀྱི་མཛེས་པ་རྨང་གཞིར་བྱས་པའི་དངོས་ཡོད་ཀྱི་མཛེས་པ། མི་རིགས་ཀྱི་རིག་གནས་གཞི་རྒྱུ་རྨང་གཞིར་བྱས་པའི་མི་རིགས་མང་པོའི་རིག་གནས་ཀྱི་མཛེས་པ། སེམས་ཀྱི་མཛེས་པ་དང་ནང་དོན་གྱི་མཛེས་པ་རྨང་གཞིར་བྱས་པའི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་མཛེས་པ་བཅས་མངོན་འགྱུར་ཡོང་བ་བྱེད་དེ། བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ལ་རང་ཉིད་ཀྱི་རེ་འདུན་དང་དོན་དངོས་ལྟར་སེམས་ཀྱི་ཉི་ཟླ་བཞེངས་བསྐྲུན་བྱེད་པ་དང་། སེམས་ཀྱི་ཉི་ཟླའི་དངོས་ཡོད་གཤིས་རྒྱུད་བསྐྲུན་པའི་ཆ་རྐྱེན་དང་ནུས་པ། ཕུགས་འདུན་བཅས་ཡོད་པ་མ་ཟད། དེ་ཉིད་ཕུན་སུམ་ཚོགས་པར་འགྱུར་བ་དང་མི་སྔར་ལས་མང་པོ་ཞིག་ལ་འཆམ་ཡང་མི་འདྲ་བའི་ཡུལ་ཁམས་ཀྱི་མཛེས་པ་དང་། ཤེས་དཔལ་ལྡན་ཞིང་གུས་ལུགས་ལྡན་པའི་འཆམ་མཐུན་གྱི་མཛེས་པ། འཆམ་མཐུན་དང་བཟོད་སྒོམ་ལྡན་པའི་ཞི་བདེའི་མཛེས་པ། བབ་ཆགས་དང་ལྷག་བསམ་རྣམ་དག་གི་སེམས་པའི་མཛེས་པ། དྭངས་གཙང་ལྡན་པའི་བདེ་སྡོད་ཀྱི་མཛེས་པ་བཅས་ཉམས་སུ་མྱོང་དུ་འཇུག་པའི་ཆ་རྐྱེན་དང་ནུས་པ་ཡོད་ལ་ཕུགས་འདུན་ཡང་ཡོད་ཞེས་གསུངས།

图片

        ལུའོ་ཁྲའོ་ཧྥེང་གིས་ཤིས་ཚིག་ཕུལ་དུས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་"སེམས་ཀྱི་ཉི་ཟླའི་"སྤུས་རྟགས་སྲུང་སྐྱོང་དང་ལེགས་སུ་གཏོང་རྒྱུ་དེ་འགན་འཁྲི་དང་ལས་འགན་གལ་ཆེན་དུ་བརྩིས་ནས་སེམས་ཀྱི་ཉི་ཟླའི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད། རྒྱང་སྐྱོད་ཀྱི་ལམ་དུ་གསར་པའི་ཐོག་ཁོང་གིས་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་དང་སྐུ་མགྲོན་རྣམ་པས་བློ་རྒྱ་ཆེར་བསྐྱེད་དང་གང་བསམ་ལྷུག་གླེང་གིས་བདེ་ཆེན་གྱིས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་སྔར་བས་སྲུང་སྐྱོང་དང་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་"སེམས་ཀྱི་ཉི་ཟླ"འཛུགས་སྐྲུན་བྱ་ཆེད་ཐབས་དང་ཇུས་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

图片

        སྐལ་བཟང་དོན་འགྲུབ་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་སེམས་ཀྱི་ཉི་ཟླའི་འཆད་སྟེགས་འཛུགས་པའི་དམིགས་འབེན་དང་དོན་སྙིང་ངོ་སྤྲོས་བྱས་པ་དང་། ཁོང་གིས་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱིས་དུས་བསྟུན་འཕེལ་རྒྱས་དང་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་དམངས་ཁྲོད་ཀྱི་རིག་མཛོད་བཙུགས་ཏེ་རྒྱལ་ཡོངས་ལ་ཕྱོགས་ནས་སེམས་ཀྱི་ཉི་ཟླའི་རིག་གནས་ལ་དགའ་ཞེན་བྱེད་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཐུན་མོང་ཐོག་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི"ཆེད་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཟེར།

图片

        ཐུང་ཅི་སློབ་ཆེན་གྱིས་ཆེད་དུ་གདན་འདྲེན་ཞུས་པའི་དགེ་རྒན་ཆེན་མོ་དང་། ཀྲུང་གོའི་ཚན་རིག་ཁང་སློབ་ཆེན་གྱི་ཀྲུང་གོའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཞིང་ཧྭ་ཡིས་"་གྲངས་འཛིན་དུས་རབས་ཀྱི་སེམས་ཀྱི་ཉི་ཟླའི་"བརྗོད་དོན་གཙོ་བོའི་གཏམ་བཤད་གནང་།
        ཤེས་གསལ་བྱུང་དོན། སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་སྐབས་དང་པོའི་གླེང་སྟེགས་ཀྱིས་“སེམས་ཀྱི་ཉི་ཟླ་--ཐོན་མོང་གི་ཁྱིམ་གཞིས(འཆམ་མཐུན། ལྗང་མདོག འཕེལ་རྒྱས)”བརྗོད་དོན་གཙོ་བོར་བྱས་པ་དང་། བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། དྲང་སྲུང་གསར་གཏོད་མཐའ་འཁྱོངས་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་གླེང་སྟེགས་སྨྱན་སྦྱོར་དུ་བྱས་པ་དང་། ཞི་མཐུན་དང་ལྗང་མདོག འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་རྒྱུར་རོགས་རམ་བྱས་ཡོད།
        ཚོགས་འདུར་ཞུགས་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཀྲང་ཧྥུའུ་ཡན་སོགས་འགོ་ཁྲིད་ཀྱིས་ཐུན་མོང་ཐོག་སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་སྒོ་བྱང་ཕྱེ་བའི་དཔང་པོ་གནང་བ་རེད།

图片

        ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་བྱས།

图片

        རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་། ཁེ་ལས་ཀྱི་འགན་འཁུར་བ། སྨྱན་སྦྱོར་གྱི་འཐུས་ཚབ་མི་སྣ་བཅས་དང་དེ་བཞིན་ཁུལ་ནང་གི་འབྲེལ་ཡོད་འགན་འཁུར་བ་ཁྱོན་མི་200ལྷག་ཚོགས་འདུར་ཞུགས་ཡོད།