ཟླ་བ་བདུན་པའི་ནགས་ཕག་མཚོ་འགྲམ་པད་ཁའི་མེ་ཏོག་མཛེས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་7པར་སླེབས་དུས། བདེ་ཆེན་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་འགྲམ་གྱི་ཞིང་ཁར་པད་ཁའི་མེ་ཏོག་རིམ་བཞིན་བཞད་ཡོད་ལ།  གསེར་མདོག་གི་མེ་ཏོག་ཁྲོད་བོད་ཁང་གཅིག་རེ་གཉིས་རེ་ཐར་ཐོར་གནས་ཡོད་པས་ཡུལ་སྐོར་བས་རྟ་བཞོན་ནས་དེར་ཡུལ་སྐོར་སྤྲོ་འཆམ་སོང་ན་དྲི་ཟི་ཡུལ་དུ་སླེབས་པ་དང་འདྲ།  

        ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་མཐའ་སྐོར་གྱི་གྲོང་མིས་མཛེས་ལྗོངས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་སྟེ་ཡུལ་སྐོར་བ་ལ་ཞག་སྡོད་དང་རྟ་ཞོན་པ་སོགས་ཞབས་ཞུ་མཁོ་འདོན་བྱས་ཡོད་པས་ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་འདིར་ཡོང་ནས་མཐོ་སྒང་གྲོང་གསེབ་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད།