ཧྲུན་ཧྥུང་གིས་2023ལོའི་བེ་ཤ་སྐུར་སྐྱེལ་ཐག་གཅོད་ཇུས་གཞི་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2023ལོར། ཧྲུན་ཧྥུང་གིས་སྐྱེལ་འདྲེན་ནུས་ཤུགས་ཐོན་ཁུངས་འགན་སྲུང་དང་། གོ་ཆོད་ཡུན་ཚད་འགན་སྲུང་། ཚོང་རའི་སྲིད་ཇུས་རིམ་སྤར་སོགས་ཕྱོགས་ཡོངས་ནས་སྤུས་ཚད་དང་རིམ་སྤར་བྱས་ནས་བེ་ཤ་གསར་པ་ཐོན་ཁུལ་ནས་ཐད་ཀར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཐོན་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ།

        སྐྱེལ་འདྲེན་ནུས་ཤུགས་འགན་སྲུང་ཐོག མཁའ་འགྲུལ་ཐོན་ཁུངས་དང་། མྱུར་བགྲོད་ལྕགས་ལམ་ཐོན་ཁུངས། སྤྱི་དཔྱད་ཚད་ལེན་ར་བ་དང་འཁྱགས་སྦྲེལ་ཡན་ལག་ཐོན་ཁུངས་བཅས་འདོན་སྤེལ་གང་ལེགས་བྱ་རྒྱུ། བེ་ཤ་ཡོད་པའི་དུས་ཚིགས་ཧྲིལ་པོར་སེམས་ཀྱི་ཉི་ཟླར་ཧྲུན་ཧྥུང་བེ་ཤ་ཚོང་ཟོག་ཁོ་ནའི་གནམ་གྲུ་ཐེངས་90ལས་མི་དམའ་བ་དང་གནམ་གྲུ་ཐང་གི་ཁ་ཐོར་གནམ་གྲུ་ཐེངས་1200ལས་མི་དམའ་བའི་འགན་ལེན་བྱ་རྒྱུ་ཡིན་པས་མཛོད་གནས་ཏུན་600ཡན་སྤྱོད་ཆོག་གི་ཡོད། ད་དུང་བེ་ཤ་ཚོང་ཟོག་ཁོ་ནའི་གནམ་གྲུ་གཉིས་ཁུན་མིང་ཁྲང་ཧྲུའེ་གནམ་གྲུ་ཐང་ནས་འབབ་འགོ་ཚུགས་པ་དང་བེ་ཤ་དུས་ཚིགས་ཧྲིལ་པོར་ཡུན་ནན་ཧྲུན་ཧྥུང་ནས་བེ་ཤ་དུས་ཚིགས་བར་འགྲུལ་སྐྱེལ་གནམ་གྲུའི་སྒྲོམ་གཞི་ཐེངས་300ལས་མི་དམའ་བ་འགན་ལེན་བྱེད་རྒྱུ། ད་ལོ་ཧྲུན་ཧྥུང་གིས་ད་དུང་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དང་ཁྲང་ཧྲུའེ་གནམ་གྲུ་ཐང་དུ་སྤྱི་སྤྱོད་ཚད་ལེན་ར་བ་རིམ་སྤོར་སྤྱོད་འགོ་ཚུགས་ཏེ་བར་བརྒྱུད་ལྷུ་ཚིགས་ལེགས་སུ་བཏང་བ་བརྒྱུད་བར་བརྒྱུད་སྐྱེལ་འདྲེན་གྱི་གོ་ཆོད་ཡུན་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། མྱུར་བགྲོད་ལྕགས་ལམ་ཐོན་ཁུངས་ཐད། ཟླ7པའི་ཚེས་10ཉིན་ནས་ཁུན་མིང་ནས་ཁྲེང་ཏུའུ་བར་གྱི་དངོས་ཟོག་སྐྱེལ་འདྲེན་སྒུལ་འཁོར་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་། ཞོགས་པར་ཚོང་ཟོག་བསྐུར་ན་ཉིན་གཉིས་པའི་སྔ་དྲོ་ཁྲིན་ཏུའུ་ལ་ཐོན་ཐུབ། ད་དུང་འབའ་ལུང་དང་འཇོལ་དུ་ཀྲུང་གོའི་བེ་ཤ་བསྡུ་འགྲེམས་ཉོ་ཚོང་ལྟེ་གནས་བསྐྲུན་པ་དང་། སེམས་ཀྱི་ཉི་ཟླ་ནས་ཅན་ཁྲོན་དེ་ནས་ཁྲུའུ་ཞུང་དེ་ནས་ཁུན་མིང་མུའུ་ཧྲུལ་པཱ་བར་གྱི་ཐོན་ཁུལ་གཙོ་བོའི་བེ་ཤ་མ་ལམ་3འཛུགས་ཏེ་ཚང་མར་ཆེད་གཏོང་རླངས་འཁོར་གྱིས་ལས་རེས་བྱེད་པ་དང་མཚན་མོ་ཆེད་མིས་ཚོང་ཟོག་ལེན་པ་དང་ཆེད་མིས་མཇུག་སྣེ་ཐད་ཀར་སྐྱེལ་གྱི་ཡོད།

        གོ་ཆོད་ཡུན་ཚད་ཐོག ཧྲུན་ཧྥུང་གིས་ཚན་རྩལ་ཅན་དང་ཨང་ཀི་ཅན། བརྒྱུད་རིམ་ཧྲིལ་པོ་དང་ཚན་རིག་དང་མཐུན་པའི་མ་ལག་ལྟ་ཞིབ་ཚད་ལེན་བརྒྱུད་དེ། ཆེས་ལེགས་ཤོས་ཀྱི་ཐོན་ཁུངས་མཐུན་སྦྱོར་སྡེབ་སྒྲིག་བྱེད་སྟངས་སྤྱད་དེ་སེམས་ཀྱི་ཉི་ཟླར་ཐོག་མར་གཏོང་འགོ་ཚུགས་པའི་བེ་ཤ་ཆུ་ཚོད་12་གོང་རླངས་འཁོར་བཏང་ནས་ཆུ་ཚོད་24་ནང་གྲོང་ཁྱེར་75་ལ་འབྱོར་བ་དང་ཆུ་ཚོད་48་ནང་གྲོང་ཁྱེར་317་ལ་འབྱོར་བ་མངོན་འགྱུར་ཡོང་རྒྱུ།

        ཚོང་རའི་སྲིད་ཇུས་ཐོག ཧྲུན་ཧྥུང་གིས་སྤྱི་ཡོངས་ཀྱི་ཐུམ་སྒྲིལ་དང་། ཐོན་རྫས་ཟླ་སྒྲིལ་ཕབ་གཅོག དངུལ་འཇོག་བྱ་དགའ་སོགས་ཐད་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཀྱང་བཏོན་ཡོད།