རྒྱལ་ཡོངས་ཀྱི་བེ་ཤ་ལས་རིགས་ཀྱི་《རྒྱབ་ཤ་དཀར་པོའི་དེབ་》ཐོག་མ་སེམས་ཀྱི་ཉི་ཟླར་འགྲེམས་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་2ཉིན། བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་ཞེས་པའི་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་དང་ཧྲུན་ཧྥུང་སྐུར་སྐྱེལ་ཐག་གཅོད་ཇུས་གཞིའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཡུལ་དངོས་སུ་རྒྱལ་ནང་གི་བེ་ཤ་བརྗོད་དོན་གཙོ་བོར་བྱས་པའི་ལས་རིགས་ཀྱི་《རྒྱབ་ཤ་དཀར་པོའི་དེབ་》ཐོག་མ་སྟེ་《སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་》 འགྲེམས་སྤེལ་བྱས་པ་རེད།

        ཤེས་གསལ་བྱུང་དོན། 《རྒྱབ་ཤ་དཀར་པོའི་དེབ་》ལ་《བེ་ཤ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ།》དང་《སེམས་ཀྱི་ཉི་ཟླའི་བེ་ཤ་འཕེལ་རྒྱས་ཀྱི་ཁོར་ཡུག》《སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་》《སེམས་ཀྱི་ཉི་ཟླའི་བེ་ཤ་བེད་སྤྱོད་》སོགས་ཀྱི་ནང་དོན་ཚུད་ཡོད། བེ་ཤ་ཐོན་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་བདེ་ཆེན་ཁུལ་བེ་ཤ་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ཁྲོད་གནས་པའི་མི་འདང་སར་དམིགས་ནས་"སེམས་ཀྱི་ཉི་ཟླའི་བེ་ཤ་ས་རྟགས་ཀྱི་ཉག་ཅིག་རང་བཞིན་ལ་དམ་འཛིན་ནན་པོ་བྱེད་པ་དང་བེ་ཤ་འཐུ་བ་དང་དེ་བཞིན་རིམ་པའི་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་བེ་ཤ་སྲུང་སྐྱོང་དང་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་"སོགས་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་བྱ་ཐབས་ཁག་བཏོན་པ་རེད། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་མང་ཚོགས་ཀྱིས་སེམས་ཀྱི་ཉི་ཟླའི་བེ་ཤ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་བེ་ཤ་ཐོན་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན།

        《རྒྱབ་ཤ་དཀར་པོའི་དེབ་》འགྲེམས་སྤེལ་བྱས་ནས་བེ་ཤ་ཐོན་རྫས་ཀྱི་སྤུས་ཚད་ཚོད་འཛིན་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་བེ་ཤ་ཐོན་རྫས་ཀྱི་ཁྲོམ་ར་ཚད་ལྡན་དུ་བཏང་ནས་བེ་ཤ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པས་བེ་ཤ་ཐོན་ལས་དེ་རྩེར་སོན་ཅན་དང་སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།