བོད་ལྗོངས་ཀྱི་སྐབས་དང་པོའི“མེས་རྒྱལ·བཀྲ་ཤིས་བདེ་ལེགས”ཞེས་པའི་གཅིག་སྡུད་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བོད་ལྗོངས་ཀྱི་སྐབས་དང་པོའི“མེས་རྒྱལ·བཀྲ་ཤིས་བདེ་ལེགས”ཞེས་པའི་གཅིག་སྡུད་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཚེས3ཉིན་གྱི་སྔ་དྲོར་ལྷ་ས་ནས་ཚོགས་མགོ་བརྩམས། རྒྱུས་ལོན་པ་ལྟར་ན། དུས་ཡུན་ཉིན3རིང་གི་འོས་སྦྱོར་བྱ་འགུལ་གྱིས་བོད་ལྗོངས་ཀྱི་ས་ཆ་དང་གྲོང་ཁྱེར7གྱི་རིག་གནས་ཡུལ་སྐོར་ཁེ་ལས300གདན་འདྲེན་ཞུས་པ་རེད།

འདི་ནི་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་ཡིན།

        བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཁྲང་གཞོན་པ་ཧྲི་ཡུས་ཧུའེ་ཡིས“ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཡིས་བོད་ལྗོངས་ཡུལ་སྐོར་ཁེ་ལས་ལ‘གཅིག་གཏད་གཅིག’གི་བརྗེ་རེས་སྟེགས་བུ་བསྐྲུན་པ་མ་ཟད། ཁེ་ལས་ཀྱིས་གྲོང་ཁྱེར་དང་ས་ཆ་སོ་སོའི་ཡུལ་སྐོར་གནས་ཚུལ་དང་སྲིད་ཇུས། ལམ་ཐིག རིག་གནས་གསར་སྤེལ་ཐོན་ལས་སོགས་ཀྱི་གནས་ཚུལ་གསར་བ་རྟོགས་རྒྱུ་རམ་འདེགས་བྱས་ཡོད”ཅེས་བཤད།

འདི་ནི་འོས་སྦྱོར་ཚོགས་འདུ་ཁྲོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཡིན། 

        གསར་འགོད་པས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་ས་ཆ་སོ་སོའི་ཡུལ་སྐོར་གྱིས་འཛད་སྤྱོད་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་ཕན་ཚུན་ཁ་གསབ་མཉམ་འགུལ་ངང་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཡིས་བསྡོམས་པས་ཆེད་དོན་འོས་སྦྱོར་གྲོས་མོལ་ཚོགས་འདུ་དང་རིག་གནས་གསར་སྤེལ། གཟུགས་འདས་ཤུལ་བཞག་རིག་གནས། ལག་བཟོ་དང་ཞིང་ཕྱུགས་ལས་ཐོན་རྫས་སོགས་ཀྱི་བྱ་འགུལ་ཐེངས8བཀོད་སྒྲིག་བྱས་ཡོད།

        2023ལོའི་དུས་ཚིགས་དང་པོར། བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི255.74སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར20.3མངོན་འགྱུར་བྱུང་།  །