བདེ་ཆེན་གྱི་ལས་རིགས་ཁག་སོ་སོས་ཏང་གི་འཁྲུངས་སྐར་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བར་བསུ་བ་ཞུ་ཆེད། ཉིན་ཤས་བསྟུད་མར་བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་རྒྱ་ཆེའི་ཏང་ཡོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སེམས་ནུས་གཅིག་སྒྲིལ་བྱེད་པ། འབད་འབུངས་མདུན་སྐྱོད་བྱེད་པ་བཅས་ལ་སྔར་བས་ལྕག་སྐུལ་ཐེབས་ཡོད།


    ཟླ་6པའི་ཚེས་28ཉིན་བདེ་ཆེན་ཁུལ་གྱི་རྩ་འཛུགས“གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱིས“བདུན་གཅིག”བྱེད་སྒོ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེ་མོར་འཚོགས་པ་རེད།






     ཟླ་6ཚེས་28ཉིན་བདེ་ཆེན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁུལ་ཐད་གཏོགས་སྨན་བཅོས་འཕྲོད་བསྟེན་ཚན་པ་ཁག་རྩ་འཛུགས་བྱས་ནས་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་བསྐྱོད་དེ“བདུན་གཅིག”བསུ་བའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཁུལ་ཐད་གཏོགས་སྨན་བཅོས་འཕྲོད་བསྟེན་ཚན་པ་ཁག་དང་། བྱང་འདབས་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མང་ཚོགས་200ལྷག་ཙམ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་1500ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་2000ལྷག་ཙམ་སྤྲད་པ་རེད།




 ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།  

 ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བར་རྟེན་འབྲེལ་དང་། ཏང་གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ། ལས་བྱེད་པ་རྒན་གྲས་ཀྱི་དྲང་ནུས་འདོན་སྤེལ་བཅས་བྱ་ཆེད། ཟླ་6ཚེས་25ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“གླུ་དབྱངས་ཡག་ཤོས་ཏང་ལ་འབུལ་བའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡོད། 


    ཉེ་ཆར། “བདུན་གཅིག”ཏང་འཛུགས་དུས་ཆེན་འཆར་ལ་ཉེ་བའི་དུས་སུ་འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བྲག་ཞབས་ཤང་དང་། ཐང་སྟེང་ཤང་།   ཀོང་རྩེད་ར་གྲོང་རྡལ་བཅས་སུ་བསྐྱོད་དེ་འཚམས་འདྲི་བྱེད་སྒོ་སྤེལ་ཡོད།   




    ཟླ་6པའི་ཚེས་28ཉིན་འབའ་ལུང་རྫོང་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་བཙུགས་ནས་ལོ་102འཁོར་བར་རྟེན་འབྲེལ་ཞུ་བ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་འཛུགས་སྐྲུན་བྱེད་སྒོ་དེ་རྫོང་སྤྱི་བདེ་ཅུས་སུ་སྤེལ་ཡོད། 


    ཟླ་6པའི་ཚེས་30ཉིན་གྱི་སྔ་དྲོ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཏང་ཀྲི་པུའུ་དང་། སུམ་རྩེན་གླིང་དགོན་སྡེ་དོ་དམ་ཅུས་ཀྱི་ཏང་ཀྲི་པུས་མཉམ་འབྲེལ་ཐོག་བདུན་གཅིག་བསུ་བའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་རྗེས་ཚན་པ་གཉིས་ཀྱི་ཏང་ཡོན་ཡོངས་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་ལ་མཉམ་དུ་ཕེབས་པ་རེད། ལྟ་སྐོར་མཇུག་འགྲིལ་རྗེས་ཚན་པ་གཉིས་ཀྱི་ཏང་ཡོན་ལས་བྱེད་པ་ཚོ་དགའ་ལྡན་སུམ་རྩེན་གླིང་དགོན་པར་སོང་ནས་དགེ་འདུན་པ་ཁག་གཅིག་དང་བཞུགས་མོལ་བྱས་ཏེ་ཏང་གི་སྨྱན་སྦྱོར་ཚོགས་པ་དགོན་པར་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་དགེ་འདུན་པ་ཚོར་བདེ་ཆེན་བོད་ཡིག་ཚགས་པར་སྤྲད་པ་དང་འབྲེལ་སྨྱན་སྦྱོར་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་ཐད་ཀྱི་དགེ་འདུན་པ་ཚོའི་དགོས་མཁོ་ཤེས་རྟོགས་བྱས་པ་རེད།