འབའ་བྲོས་ཀྱི་འཆམ་རྡོག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ།

རྩོམ་པ་པོ།   རྣམ་འཇོམས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2023-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 ཟླ་6པའི་ཚེས་25་ཉིན་སྐྱེ་ཁམས་འབའ་བྲོས་འཆམ་རྡོག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འབའ་བྲོས་གྲོང་ཚོར་འཚོགས་པ་རེད། མཐའ་ཆུ་གྲོང་རྡལ་ནས་ཡོང་བའི་གྲོང་ཚོ་7གྱི་རིག་གནས་འཁྲབ་སྟོན་རུ་ཁག་འབའ་བྲོས་གྲོང་ཚོར་དགའ་འཛོམས་བྱུང་ནས་རིག་གནས་ཀྱི་འདུ་ཚོགས་ཆེན་པོ་དེ་གཟབ་རྒྱས་ངང་མཉམ་དུ་བསུས་པ་རེད། འཆམ་རྡོག་ཅེས་པ་ནི་འབའ་བྲོས་གྲོང་ཚོའི་ཁྱད་ཆོས་ཆེ་ཤོས་ལྡན་པའི་བོད་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཞིག་རེད། གནའ་བོའི་དུས་སུ་འཆམ་རྡོག་ཞབས་བྲོ་ནི་གཙོ་བོ་ལྷ་ལ་གསོལ་བ་སྨོན་ལམ་འདེབས་པ་འཁྲབ་སྟོན་གྱི་དམིགས་ཡུལ་དུ་འཛིན་པ་དང་། སྤྱིར་བཏང་དུ་ཆོས་ལུགས་དུས་ཆེན་ནམ་ཐན་ཞོད་རིམས་ནད་སོགས་ཀྱི་གནོད་འཚེ་བྱུང་སྐབས་སྤེལ་བའི་དམངས་སྲོལ་ཞིག་རེད། ད་ཆ་འབའ་བྲོས་ཀྱི་ཡུལ་མིས་འཆམ་རྡོག་འཆམ་དོན་ནི་གྲོང་ཚོར་བདེ་སྐྱིད་ཡོང་བ་དང་འབྲུ་རིགས་སྣ་ལྔ་འཕེལ་བ། གདོན་འགོག་བར་ཆད་སེལ་བའི་ཆེད་ཡིན་པ་རེད།