རྡོ་མཁར་རྫོང་དུ་འབའ་གཞས་ཀྱི་དབྱངས་རྟ་སྙན་མོ་དཀྲོལ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ་6པའི་ཚེས་22ཉིན། འགྱུར་ཁུག་སྙན་པའི་འབས་གཞས་ཀྱི་དབྱངས་རྟ་ཞིག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་ནས་དཀྲོལ་བྱུང་བ་དང་།   ཡིད་སེམས་རྨང་ནས་འགུགས་པའི་གཞས་སྙན་དེས་གཙང་གསུམ་མཐུན་པའི་རྒྱུད་མངས།  བདེ་སྐྱིད་བདེ་ཆེན་ཞེས་པ་སྟེ་སྐབས་དང་པོའི་འཛམ་གླིང་སེམས་ཀྱི་ཉི་ཟླའི་འབའ་གཞས་རོལ་དབྱངས་དུས་ཆེན་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ཉིན་དེར།   སྦྲང་ཆར་ཟིལ་མ་ཤག་ཤག་འཇོ་བར་མཚམས་མེད་ཀྱང་དེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འབའ་གཞས་ལ་བཅངས་པའི་བརྩེ་སེམས་འགོག་དཀའ་ཞིང་།  ཐང་ཆེན་གྱི་ཕྱོགས་གང་སར་མི་ཚོགས་ཀྱིས་བཀང་ནས་དགའ་སྤྲོའི་རྣམ་པ་མངོན་འདུག  


    སྤྲོ་སེམས་རབ་ཏུ་འཁོལ་བའི་གཞས་དབྱངས《རེ་བ》ཞེས་པ་དེ་བརྒྱུད་ནས་རོལ་དབྱངས་དུས་ཆེན་གྱི་འགོ་ཚུགས་ཤིང་།  དེ་དང་ལྷན་དུ《བདེ་སྐྱིད་ཀྱི་དུས་རབས་གསར་པ》དང་《བཀྲ་ཤིས་སྨོན་འདུན་ཞུ》སོགས་གཞས་དང་གླུ་གར་འཁྲབ་སྟོན་བྱས་པ་དང་ལྷག་པར་དུ་མ་ཎི་རྡོ་འབུམ་རོལ་དབྱངས་ཚོགས་པས་འཁྲབ་སྟོན་བྱས་པའི་གཞས་སྙན《ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ》ཞེས་པ་དེས་བྱེད་སྒོར་མཐོ་རླབས་ཤིག་འཕྱུར་བར་བྱས་ནས་སྲོལ་རྒྱུན་གྱི་འབའ་གཞས་རིག་གནས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྲོལ་རྒྱུན་གླུ་གཞས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པས་མི་རྣམས་ལ་མྱོང་ཚོར་ཟབ་མོ་བྱུང་དུ་བཅུག་ཡོད།




    བྱེད་སྒོ་སྤེལ་རིང་ནུའུ་ཅང་ཁུལ་ཀུང་ཧྲན་རྫོང་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་རོང་རྫོང་སོགས་ཉེ་འབྲེལ་ས་ཁུལ་གྱི་འགྲེམས་འཁྲབ་རུ་ཁག་དང་ཁུལ་ནང་གི་རྫོང(གྲོང་ཁྱེར)ཁག་གི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་མི་སྒེར་གྱི་གཞས་རྐྱང་དཀྲོལ་འགྲན་བསྡུར་དང་། རོལ་ཚོགས་ཀྱི་སྡེབ་སྒྲིག་འགྲན་བསྡུར། དེ་བཞིན་སྲོལ་རྒྱུན་གླུ་གར་ཚོགས་པའི་འགྲན་བསྡུར་བཅས་བྱ་རྒྱུ་རེད།