སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་འགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཟླ་དྲུག་པའི་སེམས་ཀྱི་ཉི་ཟླར་མེ་ཏོག་སྣ་ཚོགས་བཞད་ཅིང་དབྱར་གྱི་མཛེས་པ་ཅི་དགར་མངོན། བདེ་ཆེན་ས་མཐོའི་ཆེས་སྐྱིད་པའི་དུས་ཚིགས་སུ་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་ཆགས་ཡོད་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་དེ་ཟླ་6པའི་ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།   ཐུན་མོང་ཐོག་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་ཞུས་ཡོད། 

    ཟླ་དྲུག་པའི་སེམས་ཀྱི་ཉི་ཟླར་མེ་ཏོག་སྣ་ཚོགས་བཞད་ཅིང་དབྱར་གྱི་མཛེས་པ་ཅི་དགར་མངོན། བདེ་ཆེན་ས་མཐོའི་ཆེས་སྐྱིད་པའི་དུས་ཚིགས་སུ་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་ཆགས་ཡོད་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་དེ་ཟླ་6པའི་ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།   ཐུན་མོང་ཐོག་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་ཞུས་ཡོད།  རྔམ་བརྗིད་ལྡན་པའི་རོལ་དབྱངས་ཁྲོད་ཚང་མས་ཡར་བླངས་ནས་རྒྱལ་དར་བསྒྲེངས་ཡོད་པ་དང་མཉམ་དུ་རྒྱལ་གླུ་བླངས་ཡོད།


    འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་ཆེ་གྲས《རྟ་བཞོན་ནས་དངུལ་སྒྲུག་པ》ཞེས་པ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཟངས་རྟའི་མི་སྣ་སྟེ་རྒྱལ་ཐང་གི་རྣམ་གྲུབ་སྟོབས་ལྡན་དེ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་སུ་བྱས་ཏེ་རྟ་རྒྱུག་དུས་ཆེན་གྱི་འབྱུང་ཁུངས་གླེང་ཡོད་པ་དང་།  《རྟ་ཐོག་གི་བསྟོད་བསྔགས》དང《རྟ་དྲིལ་སིལ་སིལ》 《རྒྱལ་ཁ》《རྟ་མཆོག་བང་གིས་རྒྱུག་པ》བཅས་ལེའུ་དྲུག་སྔ་རྗེས་སུ་འཁྲབ་སྟོན་བྱས་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཉི་འོད་འོག་ཏུ་སྣ་མང་མི་རིགས་རིག་གནས་དང་ཕུན་སུམ་ཚོགས་པའི་གླུ་གར་གྱི་སྟངས་སྟབས་ལ་བརྟེན་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡར་ཐོན་དང་དཀྱེལ་ཡངས།   མེས་རྒྱལ་ལ་དགའ་བ།   མཐུན་སྒྲིལ།  སེམས་པ་པེ་ཅིན་ལ་ཕྱོགས་པའི་དུས་རབས་གསར་བ་དང་བདེ་ཆེན་གསར་བའི་བསམ་པའི་དཔལ་ཡོན་མངོན་ཡོད།   གཞན་ཡང་སེམས་ཀྱི་ཉི་ཟླའི་ངོ་མཚར་གྱི་སྙན་འཇེབས་དབྱངས་རྟ་བརྒྱུད་ནས་ས་གནས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བར་མི་རིགས་ཁག་གི་བུ་ཕྲུག་ཚོའི་སྤྲོ་སེམས་དང་སྤོབས་པ་མཚོན་པར་བྱས་ཡོད།


ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རྟ་རྒྱུག་དུས་ཆེན་འགོ་བརྩམས་པའི་ཁྱབ་བསྒྲགས་གནང་བ།

འགྲན་རའི་མཐའ་འཁོར་དུ་བོད་རིགས་དང་། དབྱིས་རིགས། ལི་སུའུ་རིགས། འཇང་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཚོས་གཙང་ཞིང་མཛེས་པའི་གྱོན་ཆས་གྱོན་ནས་གཞི་གཅིག་ཏུ་འདྲེས་ཤིང་། ཇ་བསྲུབས་མ་དང་། ནས་ཆང་། ཞིམ་ཟས་སྣ་ཚོགས་བཅས་འཁྱེར་ཏེ་ལུས་རྩལ་ཐང་གི་ཉེ་འཁོར་དུ་གུར་ཕུབ་ནས་དགའ་བའི་འབོད་སྒྲ་སྒྲོག་པ་དང་།  གླུ་ལེན་གར་རྩེད་སོགས་ཀྱི་རྣམ་པ་གང་རུང་བརྒྱུད་ནས་དུས་ཆེན་སྐྱིད་པོ་ཞིག་བཏང་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་གུར་ཕུབ་ནས་དུ་བ་བཏེགས་ཏེ་རྟ་རྒྱུག་ལུས་རྩལ་པར་ངར་སྐད་སྒྲོག་པ་དང་རྟ་རྒྱུག་དུས་ཆེན་དགའ་གཏོང་བྱས་པ་རེད།

ཁུལ་ཨུའི་རྒྱུན་ཨུའམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཨུའི་ཧྲུའུ་ཅི་དབྱང་ཙི་ཅང་གིས་ཤིས་ཚིག་གནང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་ཞི་མཐུན་གྱི་སེམས་ཀྱི་ཉི་ཟླ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ཁག་བཅུ་པར་བཏོད་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་དེ་འཆར་འགོད་ནས་རིམ་བཞིན་དོན་དངོས་ཕྱོགས་སུ་སྐྱོད་བཞིན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ་ལག་ལེན་གཏིང་ཟབ་བསྟར་ནས་ཏང་གི་འོད་སྟོང་འཕྲོ་བའི་འོད་ཟེར་འོག་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་མིག་འདུན་དང་དངོས་ཡོད་ལ་གཞི་ཚུགས་ནས་ཡིད་ཆེས་ལྡབ་བརྒྱ་འཕར་ཡོད་པ་དང་།  མ་འོངས་པར་རེ་ལྟོས་བཅངས་ནས་སྤོབས་པས་ཁེངས་ཡོད།


རང་ཁུལ་གྱི་འགོ་ཁྲིད་མེའོ་ཡིའུ་ཧྥ་དང་། རྒྱ་མཚོ། ཁྲེན་ཆུན། དབྱང་ཞུའེ་ཝུན། ཧྥེ་པིང་ཆང་། དབྱང་ཧྲུའུ་ཆི། ལི་ཐའོ་སོགས་དང་དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་ཁེ་ལས་དང་མཐོ་རིམ་སློབ་གྲྭ།   ཉེ་འཁོར་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཀྱི་འགོ་ཁྲིད་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།