རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། དབྱར་ཉི་ལྡོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དེང་གི་དབྱར་ཉི་ལྡོག་ལ་གནའ་བོའི་དུས་སུ་"དབྱར་དུས"་དང་"དབྱར་ཁའི་དུས་ཆེན་"ཡང་ཟེར། དེ་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་བཅུ་པ་ཡིན་ལ། རང་རྒྱལ་གྱི་སྔོན་བྱོན་དམ་པ་རྣམས་ཀྱིས་ཉི་ཚད་ལྟ་ཆས་ཀྱིས་ཉི་མའི་གྲིབ་གཟུགས་ཚད་འཇལ་བྱེད་ཐབས་སྤྱད་དེ། གཏན་འཁེལ་བྱས་པའི་དུས་ཚིགས་སྔ་ཤོས་ཀྱང་རེད། དུས་ཚིགས་འདིར་དྲོད་ཚད་མཐོ་བ་དང་བརླན་ཚད་ཆེ་བ། དུས་ངེས་མེད་དུ་འབྲུག་ཆར་འབབ་པ། ཞིང་ནང་དུ་སྦལ་བའི་སྒྲ་ལྷང་ལྷང་དུ་གྲགས་པ། ནགས་ཁྲོད་དུ་འབུ་འཛིང་འཛིང་གི་སྒྲ་གྲགས་པ། མཚེའུའི་ནང་གི་མེ་ཏོག་པད་མའི་ཁ་མདོག་དམར་པོར་གྱུར།