ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཁུལ་ལ་གཟིཊ་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-21   རྩོམ་ཁུངས།    中国藏族网通

        ཉེར་གཅིག་པ། སྤྱོད་གཙང་སྤྱི་ཕན་གྱི་སྲོལ་གསར་པ་འཛུགས་པའི་ཕྱོགས་ནས། ང་ཚོས་འབྲེལ་བ་གསུམ་ཆགས་པར་སྐུལ་འདེད་གཏོང་དགོས་པ་ནི་གང་དག་ཡིན། 

        གཙང་མ་གཙང་རྐྱང་གི་བློ་མཐུན་འབྲེལ་བ་དང་གུས་གུས་ཞུམ་ཞུམ་གྱི་གོང་འོག་རིམ་པའི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་རྣམ་པ་གསར་པའི་སྲིད་ཚོང་འབྲེལ་བ་བཅས་ཡིན། 

        ཉེར་གཉིས་པ། ཐེངས་འདིའི་བརྗོད་དོན་སློབ་གསོ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཅིང་དངོས་ལ་འབེབས་པར་སྐུལ་འདེད་གཏོང་བའི་ཐོག་ཤུགས་འདོན་པ་དང་། ཏང་ཡོན་ལས་བྱེད་པར་སློབ་གསོ་སྣེ་ཁྲིད་བྱས་ནས་བསམ་བློའི་ཐོག་གཞུང་དྲང་ཁུངས་དག་དང་གཞི་བརྟན་ཟུངས་གསོ་བྱེད་པ། ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་དང་མྱོང་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་སྒོ་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བསམ་ཕྱོགས་གཅིག་དང་ལས་ཕྱོགས་གཅིག་སྒྲུབ་ཐུབ་པར་བྱས་ཏེ། ཚང་མས་མཉམ་དུ་ཏང་འདི་ནི་མི་ནུས་པ་མེད་པ་དང་མི་རྒྱལ་བ་མེད་པའི་རྣོ་ལྕགས་ལྟ་བུ་ཞིག་ཏུ་བསྐྲུན་དགོས། 

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》ལས།