སྨོན་ལམ་ཕྱག་རྒྱུན་དང་འགྲོགས་པའི་ཡིག་གཟུགས་བགྲོ་གླེང་དང་འགྲེམས་སྟོན། འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-20   རྩོམ་ཁུངས།    ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།

        ཟླ6ཚེས17ཉིན་ནས་ཚེས18ཉིན་བར། མཁས་དབང་སྨོན་ལམ་རྒྱ་མཚོའི་ཡི་གེའི་བྲིས་རྒྱུན་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ། འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོ་འཚོགས། 

图片

        ཚེས17ཉིན། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་དང་ཁུལ་གྱི་འཛིན་གསུམ་སྐུལ་གསུམ་བྱ་སྤྱོད་ཀྱི་བླང་བྱ་ཁག་གཞིར་བཟུང་ནས། མཁས་དབང་སྨོན་ལམ་རྒྱ་མཚོའི་ཡི་གེའི་བྲིས་རྒྱུན་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོའུ་ཡུས་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་སོགས་འབྲེལ་ཡོད་མགོ་ཁྲིད་དག་དང་། ཀན་སུའུ་དང་སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ཡིག་གཟུགས་ལ་སྤྲོ་བ་དང་མོས་པ་ཡོད་པའི་སྐྱ་སེར་ཕོ་མོ་བརྒྱ་ལྷག་ཚོགས་འདུར་ཞུགས།

图片

图片
图片

图片

        ཚོགས་འདུར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཁྲོད་རྒྱས་བཤད་བྱས་པའི་རིག་རྩལ་བྱ་གཞག་གི་ཆོད་གཏམ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཤིང་། ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དོན་སྙིང་དང་དམིགས་ཡུལ་གསལ་བསྒྲགས་བྱས། གཞན་ཞིང་ཆེན་སོ་སོའི་གདན་ཞུས་བྲིས་པ་དག་གཙོ་བྱས་པའི་ཚོགས་ཞུགས་པ་དག་གིས་སྨོན་ལམ་རྒྱ་མཚོའི་ཡི་གེའི་བྲིས་རྒྱུན་སྐོར་ནས་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་བྱས་ཤིང་། ཚོགས་འདུ་གྲོལ་རྗེས་ཚང་མས་རང་མོས་སྒོས་ཡིག་གཟུགས་སྣ་ཚོགས་བྲིས་ཤིང་། འབྲི་ཐབས་དང་འབྲི་སྟངས་སོགས་ཀྱི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

图片

图片

图片

        ཚེས18ཉིན་གྱི་སྔ་དྲོར། བྲིས་པ་དག་གིས་ཁུལ་རིག་གནས་ཁང་དུ་ཡིག་མཁན་དག་གིས་བྲིས་པའི་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་ལ་མཉམ་དུ་ལྟ་ཞིབ་དང་སློབ་སྦྱོང་བྱས་ཤིང་། འགྲེམས་སྟོན་མཇུག་རྫོགས་རྗེས་ཚང་མ་འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོའི་ཡུལ་དངོས་སུ་ལམ་ལ་ཆས།

图片

图片

        འབོ་ར་གྲོང་རྡལ་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་དམ་པོར་འཛིན་པ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད། ས་གནས་སུ་ཡིག་གཟུགས་ལ་དགའ་མཁན་སྔར་ལས་མང་པོ་བསྐྱེད་བསྲིང་དང་སྔོག་འདོན་བྱེད་པ། སྨོན་ལམ་རྒྱ་མཚོའི་ཡི་གེའི་བྲིས་རྒྱུན་སློབ་སྦྱོང་དང་རྒྱུན་འཛིན། གོང་འཕེལ་གཏོང་བ་སོགས་བརྗོད་སྙིང་དུ་བཟུང་ནས་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང་པོ་སྤེལ།

图片

        བྱེད་སྒོའི་ཁྲོད་ཐེངས་འདིའི་བྲིས་པ་ཡོངས་དང་འགྲན་ཞུགས་པ་དག་གིས་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་སུ་ཁོང་གི་མཛད་རྗེས་ལ་ཕྱིར་རྟོག་དང་བརྩམས་ཆོས་ལ་མཉམ་དུ་མཇལ་ཞིང་སློབ་སྦྱོང་བྱས་པ་མ་ཟད། བགྲོ་གླེང་ཚོགས་འདུ་འཚོགས་ཏེ་སྨོན་ལམ་ཕྱག་རྒྱུན་སྐོར་ནས་དོན་གྱི་གནད་ལ་གྲོས་བསྡུར་དང་མ་འོངས་འཕེལ་རྒྱས་ཀྱི་ཐད་ལ་སོ་སོས་གཏམ་བཤད།

图片

图片

        ཐེངས་འདིའི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང་པོར་དགེ་རྒན་དང་སློབ་མ་གཙོ་བྱས་པའི་མི40ལྷག་ཞུགས་ཡོད་ཅིང་།  ཁོ་ཚོས་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ལ་རང་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཆེད་མཁས་པས་དཔྱད་ཞིབ་བྱས།  མཇུག་ཏུ།  ཡིག་གཟུགས་འགྲན་སྡུར་ཁྲོད་ཀྱི་ཕུལ་བྱུང་མི་དྲུག་དང་འབོ་ར་ས་ཆའི་ཡིག་མཁན་བདུན།   སྲོང་བཙན་སྒམ་པོ་དང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་ལེགས་བསྒྲིགས་ཐད་སྡེ་བའི་མི་གསུམ་བཅས་བདམས་ནས་གཟེངས་བསྟོད་བྱ་དགའ་བྱིན། །

图片

图片

图片

        དུས་ཡུན་རིང་པོའི་ལོ་རྒྱུས་དང༌མཐོང་བ་བརྒྱུད་པའི་ཕྱག་རྒྱུན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མཚོན་དོན། ཆ་ཚང་ཞིང་ཞིབ་ཚགས་ཆེ་བའི་གཞུང་ལུགས་ཀྱི་མ་ལག་བཅས་ལྡན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ནི།  ཀྲུང་ཧྭའི་རིག་གནས་བང་མཛོད་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་ཞིག་ཀྱང་ཡིན་པ་རེད།  ལྷག་པར། ཀུན་གྱིས་ཚད་མར་འཛིན་ཞིང་སློབ་སྦྱོང་གི་དཔེ་རུ་གྱུར་བའི་མཁས་དབང་སྨོན་ལམ་རྒྱ་མཚོའི་ཐུན་མིན་གྱི་ཕྱག་རྒྱུན་ལ་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་སོགས་བྱ་རྒྱུ་ནི་རྗེས་རབས་པ་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པ་རེད།།